| | e-texts navigator
|
55b1 མཉེས་པར་བྱེད། ། དེ་ཡེ་སམས་ནི་དང་བར་འགྱུར།། རྟག་ཏུ་འཇིག་རྟེན་མགན་མཐོང་ནས།། མཆོད་པ་དམ་པ་བྱེད་པར་འགྱུར།། མཚན་རྣམས་འདི་དག་འཛིན་བྱེད་པ།། བསྐལ་པ་བྱེ་བགྲངས་མེད་ཏུ།། དེ་ནི་འདུ་བ
55b2 གྲོ་རྙེད་ཅིང་། ། དེ་ནི་རྟག་ཏུ་བཀུར་བར་འགྱུར།། མཚན་རྣམས་འདི་དག་འཛིན་བྱེད་པ།། བསྐལ་པ་བྱེ་བ་གྲངས་མེད་དུ།། ལྷ་རྣམས་ཀྱིས་ནི་རྟག་ཏུ་མཆོད།། མྱུར་དུ་བྱང་ཆུབ་འཚང་རྒྱར་འགྱུར།། མཚན་རྣམས་འདི
55b3 དག་འཛིན་བྱེད་པ། ། དེ་ནི་ཤེས་རབ་འཆལ་བ་འམ།། ཐུན་པ་འམ་འོན་པར་ཡོད་མི་འགྱུར།། ཀུན་ཏུ་སངས་རྒྱས་མཐོང་བར་འགྱུར།། སངས་རྒྱས་རྣམས་ཀྱི་མཚན་འཛིན་པ།། དེ་ལ་ལྷ་ཀླུ་གནོད་སྦྱིན་དང་།། གས
55b4 བལྷ་དང་ལྷ་མིན་རྣམས། ། ཉིན་དང་མཚན་དུ་བསྲུང་བར་བྱེད།། མཚན་རྣམས་འདི་དག་འཛིན་བྱེད་པ།། དེ་ནི་གཟུགས་མཚན་ཕུན་སུམ་ཚོགས།། འབྱོར་པའི་རིགས་སུ་སྐྱེ་འགྱུར་ཞིང་།། དེ་ནི་སྦྱིན་པའི་བདག་པོར་འགྱུར།།
55b5 ཐུབ་པ་རྣམས་ཀྱི་མཚན་འཛིན་པས།། བསྐལ་པ་བྱེ་བ་བརྒྱ་མང་རུ།། དེ་ཡི་ཁ་ནས་དྲི་འབྱུང་བ།། དྲི་བསུང་ཞིམ་པོ་འབྱུང་བར་འགྱུར།། ཐུབ་པ་རྣམས་ཀྱི་མཚན་འཛིན་པ།། རྫུ་འཕྲུལ་ཆེ་ཞིང་ཡིད་གཞུངས་ལ།། འདབ
55b6 མ་བྱེ་བ་སྟོང་ལྡན་པའི། ། རིན་ཆེན་པད་མ་སྐྱེ་བར་འགྱུར།། མཚན་རྣམས་འདི་དག་འཛིན་བྱེད་པ།། ཕ་དང་མ་དང་རྩ་ལག་དང་།། སྤུན་རྣམས་ཀྱི་ནི་ཡིད་འོང་ཞིང་།། ནམ་ཡང་ཕོངས་པ་མཐོང་མ་འགྱུར།། བུད་མེད་ཀྱིས
55b7 ཀྱང་བློ་ལྡན་པ། ། དེ་དག་རྣམས་ཀྱི་མཚན་ཐོས་ན།། བུད་མེད་ལུས་ལ་ཡིད་བྱུང་ནས།། མཁས་ཤིང་སྐྱེས་པར་སྐྱེ་བར་འགྱུར།། ལུས་ཅན་ཀུན་ལ་ཕན་པའི་ཕྱིར།། མྱུར་དུ་བྱང་ཆུབ་འཚང་རྒྱ་སྟེ།། ལྷ་དང་བཅས་པའི།།
55b8 འཇིག་རྟེན་གྱི།། རྟེན་དང་སྐྱབས་སུ་འབྱུང་བར་འགྱུར།། དེ་ལ་མཚོན་གྱིས་མི་ཚུགས་ཏེ།། དུག་གིས་མི་ཚུགས་མེས་མ་ཡིན།། གཡོན་ཅན་དག་དང་ཆོམ་རྐུན་དང་།། རྒྱལ་པོའང་དེ་ལ་གནོད་མི་འགྱུར།། ཐུང་བ
iiif viewer powered by OpenSeadragon
55a - 56a