e-texts navigator
Collection
Volume
Page
Wylie

53b1 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ཤིན་ཏུ་ཡངས་བསྒྲགས་དཔལ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས
53b2 ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མཐོང་དགའ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ
53b3 རྫོགས་པའི་སངས་རྒྱས་ཀུན་དུ་སྣང་བ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང
53b4 གའི་ཀླུང་གསུམ་གྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་མེད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡུལ་ལས
53b5 རྣམ་པར་རྒྱལ་བའི་དཔལ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བཞིན
53b6 བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་དག་པའི་ཚོགས་ཤེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ
53b7 མཚན་གྱི་རྒྱལ་པོ་ཞེས་བྱ་བ་དལྟར་ཡང་བཞུགས་ཏེ་འཚེ་ཞིང་གཞེས་ལ་ཆོས་ཀྱང་སྙན་ཏོ། ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གའི་བུང་ལྔའི་བྱེ་མ
53b8 སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རྡུལ་བྲལ་ཚོགས་ཤེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་པ་སྣང་བའི་དབང་ཕྱུག




iiif viewer powered by OpenSeadragon

53a - 54a

Texts on this page

Q943 - 'phags pa dkyil 'khor brgyad pa zhes bya ba theg pa chen po'i mdo