e-texts navigator
Collection
Volume
Page
Wylie

52b1 ནམ་གྲངས་འདི་བཤད་པ་ནས་ག་ཆགས་སུམ་ཁྲོན་སྔོན་སེམས་མ་བསྐྱེད་པ་ལས་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། སྲོག་ཆགས་ལྔ་སྟོང་ན་ཆོས་རྣམས་ལམས་ཀྱི་མ་གདུལ་མད་ཅིང་དྲིམ་དང་བྲལ་བ་རྣམ་པར་དག་གོ།
52b2 ཆུབ་སེམས་དཔའ་སྲམ་ཁྲི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅེས་སྤྲས་བྱེད་པའོ།། གང་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ
52b3 སྙེད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་པར་བྱེད་ལ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱེད་ན། དོན་དེ་དག་ལས
52b4 མཆོག་ཏུ་བཀྲབས་པའོ། ། གང་ཞིག་བསྐལ་པ་སྟོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱོད་པར་བྱེད་ལ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱེད་ན་འདི་ནི་དེ་དག་ལས
52b5 མཆོག་ཏུ་བཀྲབས་པའོ། ། གང་ནིག་སངས་རྒྱས་སྟོང་ལ་སྔ་དྲོ་དང་། ཉི་མ་ཕྱེད་དང་། ཕྱེ་མ་རོད་ཀྱི་དུས་སུ་བསྙེན་བཀུར་བྱེད། གུས་པར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་ལ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི
52b6 ཉན་པར་བྱེད་ན། འདི་ནི་དེ་དག་ལས་མཆོག་ཏུ་བཏུ་པའོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང་། བཅད་པ་དང་། གླག་པ་དང་། བསྟན་པ་དང་། ཡི་གེར་བྲི་བར་བྱ་བའི་ཕྱིར་ཁྱེད་ཅག་ལ་གཏང
52b7 ཀྱིས། ངའི་བསྟན་པ་འདི་ལུས་དང་སྲོག་ཡོངས་སུ་གཏང་བ་དང་ཡང་བསྔོ་ཞིང་ཡོངས་སུ་བསྲུང་བར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་བག་མ་པ་སད་དཔངར་གནས
52b8 པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ




iiif viewer powered by OpenSeadragon

52a - 53a

Texts on this page

Q942 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo