e-texts navigator
Collection
Volume
Page
Wylie

51b1 ལོ། ། ཐན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་གྱུར་ཏོ།། བག་ཚབ་མེད་པར་གནས་པ་དེ་ལ་གང་རྒྱལ་པོ་རླབས་བྱིན་ཞེས་བྱ་བ་གང་གིས་ཆོས་སྨྲ་བ་དེ་ལ་མཆོད་པ་བྱས་པར་འགྱུར
51b2 བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ཡིན་ཏེ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་བས་བྱིན་པར་གྱུར་ཏོ།། གང་སྤོབས་པ་བརྩེགས་པ་ཞེས་བྱ་བ་ཆོས
51b3 སྨྲ་བ་ཟུང་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཡིན། ། དེའི་ཚེ་དེའི་དུས་ན་ཆོས་སླབ་སྤོབས་པ་བརྩེགས་པ་ཞེས་བྱ་བར་གྱུར་ཏོ།། གང་དག
51b4 ཁྱིམ་པ་ཤིང་ས་ལ་ཆེན་པོ་ལྟ་བུའི་གཞོན་ནུར་གྱུར་པ་བཅུ་པོ་དེ་དག་ནི་རིགས་ཀྱི་བུ་འདི་དག་ཡིན་ཏེ། ། དེའི་ཚེ་དེའི་དུས་ན་གང་དག་གིས་ཆོས་སྨྲ་བ་སྤོབས་པ་བརྩེགས་པ་དེ་ལ་འཆལ་བའི་ཚུལ་ཁྲིམས་ཀྱིས་གླེངས་པ
51b5 སྟེ། ཁྱིམ་བདག་ཤིང་ས་ལ་ཆེན་པོ་ལྟ་བུའི་གཞོན་ནུ་བཅུ་པོར་གྱུར་ཏོ།། རིགས་ཀྱི་བུ་དེ་བསན་བྱང་ཆུབ་སེམས་དཔའ་ཇི་ལྟར་གནས་པས་གནས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔས་སྲོག་གི་ཕྱིར་ཡང་འཁྲུལ་པ་ལ་ལྷ
51b6 བར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་པའི་ཕྱིར་རོ།། བཞི་གང་ཞེ་ན། སྟོང་པ་ཉིད་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ
51b7 ཞེ་འདྲེས་པ་མེད་པའི་སེམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་ཕན་པ་ཉེ་བར་སྒྲུབ་པ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་ཡང་དག་པར་བསྟན་པ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ
51b8 སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཡོངས་སུ་སྦྱོར་བའི་བྱེད་པའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཚིགས་སུ་བཅད་པ་འདི་དག་གིས་བཀའ་སྩལ་ཏོ།། རྒྱལ་བས་གང་གིས་དེ་དག་རྣམ




iiif viewer powered by OpenSeadragon

51a - 52a

Texts on this page

Q942 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo