| | e-texts navigator
|
51a1 ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚབ་མེད་པར་གནས་པས་འདིས་ད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་གི་ལས་ཀྱི་སྒྲིབ་པ་དེ་གང་གིས
51a2 རྣམ་པར་དག་པར་འགྱུར་བའི་རྣམ་གྲངས་འགའ་ཞིག་མཆིས་ལགས་སམ། བཀའ་སྩལ་པ། ཡོད་དེ། བག་ཚ་བ་མེད་པར་གནས་པ་གལ་ཏེ་རིགས་ཀྱི་བུ་དེ་དག་རབ་ཏུ་བྱུང་ནས་གཟུངས་སྔགས་ཀྱི་གཞི་དག་བཟློས
51a3 པར་བྱེད་ནའོ། ། སྱཱད་ཡ་ཐེ་དན། ཨདཙྪེ། ཨད་ཚ་བ་ཏི། ཨ་ན་བི་ལེ། ཨེ་ཤེ་ཥེ། ཨ་ཀྲི་ཏེ། ཨ་ནཱ་ཡཱ་ཧེ། ཨ་པེ། ཨ་བི་ཛ་རིཏ། བྷ་བ་ནར། བཾ་མ་ག་མ། ཡུ་ཏདཉབ། པྲཀྵི་གེ། ནི་ག་ཊེ། ཨུ་གྲ་ཧེ། ཧུ་ཧུ་མེ། ཙ་བ་ལེ
51a4 ས་དེ། ས་མེ། ས་མེ་དེ། ཡོ་ཏི། ན་ཡོ། བ་རི་ཤོ་དི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་གཟུངས་སྔགས་ཀྱི་གཞི་འདི་དག་བཟླས་ལ། ཞག་བདུན་དུ་འཛིན་པ་མེད་པ་དང་། འཇོག་པ་མེད་པ་དང་། གཟུགས
51a5 མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། རབ་ཏུ་དད་པ་མེད་པ་དང་། ཡུན་རིང་པོ་འགྲོ་བ་མེད་པ་དང་། བྱེད་པ་མེད་པ་དང་། གོས་པ་མེད་པ་དང་། མི་ཉམས་པའི་སེམས་དང་བྲལ་བ་དང་། ཕུང་པོ་ལྔ་དང་བྲལ་བ་དང
51a6 པ་བཟོད་པ་མེད་པའི་ཚུལ་གྱིས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འ་ན་བསྒོམ་པར་བྱེ་དགོས་ཏེ། དེ་ནི་དེ་དག་ཕྱོགས་བཅུའི་སངས་རྒྱས་སྟོང་གི་ཞལ་མཐོང་བར་བྱེད་པ་དང་། ཉེས་པ་ཆགས་སུ་འཇུག
51a7 པར་བྱེད་པའོ། ། དེ་ནས་རིགས་ཀྱི་བུ་དེ་དག་གིས་རབ་ཏུ་བྱུ་ད་སྟེ། གསང་སྔགས་ཀྱི་གཞི་འདི་དག་བཟླས་ནས་ཞག་བདུན་དུ་བརྩོན་པར་འཛིན་པ་མེད་པ་ལ་སོགས་པས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམས
51a8 སངས་རྒྱས་སྟོང་ཡང་མཐོང་ངོ་། ། ལས་ཀྱི་སྒྲིབ་པ་དེ་ཡང་བཤགས་སོ།། དེ་ཉིད་ཀྱི་ཚེ་ཐམས་ཅད་སྒྲུབ་པའི་ཡེ་ཤེས་ཀྱི་སྒོ་ཞེས་བྱ་བའི་གཟུངས་ཀྱང་ཐོབ་པོ།། འཁོར་བ་ལས་བསྐལ་པ་སུམ་བཅུ་ཡང་ཕྱིར་བསྙིལ
iiif viewer powered by OpenSeadragon
50b - 51b