e-texts navigator
Collection
Volume
Page
Wylie

49b1 དང་གྲཝ་དབྱངས་དང་རོལ་མོ་བྱས་སོ། ། དགེ་སློང་དེ་ལ་རིན་པ་ཆའི་མེ་ཏོག་སྔ་ཚོགས་ཀྱིས་ཀྱང་མངོན་པར་གཏོར་ཏེ། ཙན་དན་གྱི་ཐུག་པས་ཀྱང་ཐུགས་སོ།། རས་བཅོས་བུ་ལྔ་བརྒྱས་ཀྱང་བཀབ་གོ།། དེ་བའི་རིམ་གྲོ་ཟངན།
49b2 ཅད་ཀྱིས་མཆོད་པ་འདི་ལྟ་སྟེ། ཆོས་སྨྲ་བ་ལ་མཆོད་པའི་མཆོད་པ་མཆོག་གིས་ཞག་བདུན་དུ་རིམ་གྲོ་བྱས་སོ།། དེ་ནས་དགེ་སློང་དེ་ལ་ཁྱིམ་བདག་གི་བུ་དེ་དག་གིས་འཆལ་བའི་ཚུལ་ཁྲིམས་ཀྱིས་བླངས་སོ།། ལས
49b3 དེའི་རྣམ་པར་སྨིན་པས་དེ་དག་ལོ་དགྲ་གྲོར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སོ། ། ཚེ་རབས་སྡུབརྒྱ་ལྔ་བརྒྱར་ནི་མི་རྣམས་ཀྱི་ནང་དུ་ཐ་པ་དང་། ཀྭཀློ་དང་། ལོག་པར་ལྟ་བའི་ཁྱིམ་རྣམས་སུ་སྐྱེས་སོ།། ཚ་རབ་དུ།
49b4 བདྨར་ནི་དབུས་ལོང་དང་ལྕེ་མེད་པར་གྱུར་ཏོ།། ཚེ་རབས་བདུན་བརྒྱར་ནི་རབ་ཏུ་བྱུང་ནས་ཇི་སྲིད་མཚེའི་མཐར་ཐུག་གི་བར་དུ་གཟུངས་མ་ཐོབ་པར་འཆི་བའི་དུས་བྱས་ཏེ། ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱིས་རིགས་ཀྱི་བུ་དདགེ
49b5 བསྒྲིབས་སོ། ། རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་མོས་པར་བྱའོ།། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ།། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཆོས་སྨྲ་བ་ལ་མངོན་སུམ་དུ་མཐོང་ཡང་འཆལ་བའི་ཚུལ་ཁྲིམས་ཀྱིས་བརྗེད་པར་མི
49b6 བྱན་ཐོས་པ་ལ་ཅི་སྨོས། རིགས་ཀྱི་བུ་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པར་བྱེད་པ་བས་ནི་གང་ཞིག་ཆོས་སྨྲ་བ་ལ་གཤེ་བའི་བསམ་པས་ལྟ་བར་བྱེད་ན། དེ་ནི་དེ་བས་ཆེས་ཁན་པ་ཐོ་བའི་ལས་ཆེ་བ
49b7 ཡིན་ནོ། ། གང་ཞིག་སེམས་ཅན་ཐམས་ཅད་འཆིང་བར་བྱེད་ལ། གང་ཞིག་ཆོས་སྨྲ་བ་མཐོང་ན་རྒྱབ་ཀྱིས་ཕྱོགས་ཏེ་འདུག་པར་བྱེད་ན། བསོད་ནམས་མ་ཡིན་པ་འདི་ལ་བསོད་ནམས་མ་ཡིན་པ་སྔ་མ་དེས་བརྒྱའི
49b8 ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། གང་ཆོས་སྨྲ་བ་ལ་སྐུར་བ་འདེབས་པ་དེས་ནི་སངས་རྒྱས་ལ




iiif viewer powered by OpenSeadragon

49a - 50a

Texts on this page

Q942 - 'phags pa sangs rgyas mi spang pa zhes bya ba theg pa chen po'i mdo