| | e-texts navigator
|
48b1 བཀའ་སྩལ་ཏོ། ། རིགས་ཀྱི་བུ་འདི་སར་དེ་དག་གིས་སངས་རྒྱས་མི་ཐོང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་ལ། སངས་རྒྱས་སྤོང་བ་ནི་རྗེས་སུ་ཐོབ་སྟེ།། དེས་ན་རིགས་ཀྱི་བུ་དེ་དག་མྱུར་དུ་ཤེས་པ་འདི་ལམ
48b2 སྐྱེས་སོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚབ་མེད་པར་གནས་པས་ཚིགས་སུ་བཅད་པ་འདི་དག་གིས་ནུས་ས།། ཆོས་ཀྱི་རྒྱལ་པོ་འོད་མཛད་པ།། མེ་ཡི་ཉི་མ་ཁྱོད་ལ
48b3 ཞུ། ། བྱང་ཆུབ་སེམས་དཔའི་ལས་སྤྱོད་པ།། སྤྱོད་པ་གང་ལགས་དེ་བསྟན་གསོལ།། དཔག་མེད་ཁྱབ་པར་འཕགས་པའི་བློ་གྲགས་པ།། སངས་རྒྱས་ཐོགས་མེད་སྟོབས་བཅུ་མཚུངས་མ་མཆིས།། སྲིད་གསུམ་འབྱུང
48b4 བ་རྣམ་གྲོལ་སྤོས་མི་མངའ། ། སངས་རྒྱས་བྱང་ཆུབ་སྤྱོད་པ་དྲི་མེད་གསུངས།། དཔག་མེད་ཡེ་ཤེས་མངའ་བ་ཁྱོད་ལ་ཞུ།། ཡིད་གཉིས་གཅོད་པར་མཛད་པ་ཁྱོད་ལ་ནུ།། བཅོམ་ལྡན་མཚུངས་པ་མི་མངའ་ཁྱོད་ལ་ཞུ།།
48b5 བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚུལ་གང་ལགས།། རྒྱལ་བ་བདུད་ཐུལ་བདེ་གཤེགས་གང་གིས་ན།། ཉོན་མོངས་ཀུན་ལས་རྣམ་པར་གྲོལ་བར་འགྱུར།། ཐུགས་རྗེས་ཉོན་མོངས་ཐུལ་ལ་བྱང་ཆུབ་ལམ།། འཕགས
48b6 པདེ་ནི་རབ་ཏུ་བཤད་དུ་གསོལ། ། ལེགས་གསོལ་ལེགས་བྱུང་ལེགས་འབྲེལ་གསུང་བ་པོ།། སྲིད་སེལ་སྲིད་འགྲོ་རྣམ་འཇོམས་ལྷུར་མཛད་པ།། དགེ་སྦྱོང་བཟང་པོ་སྨྲ་མཆོག་ཡིད་གཉིས་སེལ།། རྒྱལ་བ་བདེ་གཤེགས
48b7 དྲི་མེད་སྤྱོད་ཀུན་གསུངས། ། སྔོན་གྱི་སྲིད་བརྒྱར་ལེགས་སྤྱད་ཡོན་ཏན་དགེ། འགྲོ་བ་ཕན་བདེར་བསྔོ་ལ་བརྩོན་པ་པོ།། རིན་ཆེན་གླང་པོ་རྟ་སྤངས་ཡུན་ཀྱང་རིང་།། བུད་མེད་ཚོགས་དང་བུ་ཡང་སྤངས་མཛད་པ།། བཟོད་དང
48b8 དུལ་དགྱེས་ཚུལ་ཁྲིམས་ཡོན་ཏན་གཞོལ། ། བློ་གྲོས་དགྱེས་གཞོལ་བརྟུལ་ཞུགས་དཀའ་ཐུབ་བརྩམས།། ཡོན་ཏན་ཚོལ་བས་སྡུག་བསྔལ་བ་རྒྱ་བཟོད་པ།། རྒྱལ་བ་ཁྱོད་ཀྱིས་དེ་བརྙེས་ཡིད་གཉིས་བྲལ།། སྤྱོད་ལ
iiif viewer powered by OpenSeadragon
48a - 49a