| | e-texts navigator
|
99a1 ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་བརྗོད་པ་འདིས་ཚེས་བཤད་པར་གསོལ་བ
99a2 བཏབ་པོ། ། རིང་དུ་གཤེགས་ཤིང་མྱུར་བའི་རྐྱེན་དང་ལྡན། ཟད་པ་ལྷུར་མཛད་མི་གཡོ་འོད་གསལ་བ།། རྟོགས་པ་ཐམས་ཅད་སྐྱེད་པར་མཛད་པ་པོ།། ཁྱོད་གསུང་རབ་ཞི་རྒྱུ་སྐར་ཚུལ་མཁྱེན་མཁས།། དབུགས་རྔུབ་པ་དང་འབྱུང་བ
99a3 དྲན་པ་མཁྱེན། ། ཚངས་པའི་གནས་པ་བཞི་པོ་དགེ་དང་ལྡན།། སྲིད་པ་གསུམ་པོ་འདི་ལྟར་དག་འགྱུར་བར།། སེམས་ཅན་འགྲོ་བ་སྤོང་བར་མཛད་པ་པོ།། ཚུལ་གཅིག་ལྡན་པ་ཉིད་ཀྱི་མཁྱེན་མངའ་བ།། ལྷ་མི་རྣམ་པ་མང་པོ་ཁྲི
99a4 དག་ཀྱང་། ། སོམ་ཉི་རྒལ་མཛད་དགེ་བརྙེས་ཆུ་བོ་རྒལ།། བདེ་འགྲོའི་མཁྱེན་པ་མྱུར་དང་ལྡན་པ་པོ།། བྱང་ཆུབ་སྤྱོད་དང་སངས་རྒྱས་ཆོས་མངོན་གསུམ།། སེམས་གཡོ་སེམས་ཅན་ཁ་ཅིག་འདོད་ཀླུང་ལྷུང་།། མུན་པས་ཁེབས་ཤིང
99a5 མིག་དང་མི་ལྡན་པའི། ། སྡུག་བསྔལ་ཐམས་ཅད་བཅོམ་པར་གྱུར་ལགས་པ།། མ་ཐོས་དགེ་བྲལ་སློབ་དཔོན་མཁས་ལྡན་པའི།། སྐྱེ་བོ་བྲལ་ལ་མི་དབང་ཐུགས་རྗེ་སྐྱེད། མཉམ་པའི་ཆོས་ཉན་སྤྲོ་བའི་ཕ་རོལ་མཆི།། སྲེད་པ་གཞོ
99a6 པབཤད་པར་མཛད་དུ་གསལ། ། སྐྱེ་ཀླུང་བ་རོ་ལ་གཤེགས་ཐུ་བ་ཐུགས་རྗེས་གསུངས།། བློ་འཚལ་སྐྱེ་མ་སྲེད་པའི་དྲ་བའི་ལམ།། དེ་དག་ཐམས་ཅད་ཉོན་མངས་རྒྱ་བ་ཅན།། དང་ནི་སེམས་ཅན་མབྱམས་འགྱུར་གཅད་དྲགས
99a7 གང་སྡུག་བསྔལ་བ་ཞི་དབང་དྲུག་དང་། ཡིད་ཀྱང་ནི་འགྱུར་སྲིད་སྐྱོན་རྒྱལ་བ་གསུངས།། སྲད་པ་བྲལ་བ་སྲད་རྒྱ་མི་མངའ་བ།། སེམས་ཅན་གདུང་བ་དཔལ་ཀུན་བྲལ་གྱུར་པ།། དེ་སྣང་ཐུབ་པ་ཐུགས་རྩེ་བས་རྒྱུས།། སྲད་པ་ཡིན
99a8 ཆ་བྲང་སེམས་མཛད་པ། ། མྱུང་དུ་བ་དེ་ནི་འཆི་བ་མ་མཆིས་པའོ།། ཆོས་ཀྱང་སྲད་པ་གཅོད་པ་བཤ་པར་གསལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་པདམའབར་བའི་དཔལ་ལ་འདི་སྐད་ཅེས་པཀའསྩལ་ཏོ།།
iiif viewer powered by OpenSeadragon
98b - 99b