e-texts navigator
Collection
Volume
Page
Wylie

35a1 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལྷ་ང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།
35a2 འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པ་པྲ་ཛྙཱ་བ་རྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
35a3 རྒྱ་གར་སྐད་དུ། ཨརྱཱ་བ་ར་མཱནྟ་དྷརྨ་བི་ཛ་ཡ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དོནི་དམ་པའི་ཆོས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམ
35a4 ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ག་ཡའི་རི་ལ་དགེ་སློང་མངོན་པར་ཞུགས་པ་མངོན་པར་བཞུགས་པ་རྣམས
35a5 དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་། ཐབས་གཅིག་ཏུ་བཞུགས་ཏེ། ལྷ་བྱེ་བ་ཕྲ་གཉི་ཤུ་རྩ་བརྒྱད་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བརྒྱད་ཁྲི་དྲུག་སྟོང་དང་། གྱང
35a6 དྲུག་ཁྲི་དང་། གཅེར་བུ་བ་བྱེ་བ་ཕྲག་བཅུ་གཉིས་དང་། དྲང་སྲོང་ཆེན་པོ་མངོན་པར་ཤེས་པ་ལྔ་དང་ལྡན་པ། གདུང་པ་ལྔས་ཡན་ལག་གཅིག་པ་ལྔ་བརྒྱ་ཡན་ལག་དཀར་བ། ཤ་མེད་ཅིང་རུས་མགོ་ལྤགས་ཀྱིས་ཡོག་པ། ལྟོ་ཞར
35a7 ཞིང་སྒྲའི་ཁུར་ཁྱེར་བ། ལུས་དགུ་པ། གཡང་གཞི་དང་ཤིང་ཤུན་གྱོན་པ། ལག་ན་རིལ་པ་ཐོགས་པ་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་གཅིག་གོ།། རྒལ་བར་འདུན་པ་རྣམས་དང་ཡང་ཐབས་གཅིག་གོ།། དེ་ནས་བཅོམ་ལྡན
35a8 འདས་རི་ནག་པོ་རྣམས་ཀྱི་ནང་ན་རིའི་རྒྱལ་པོ་རེ་རབ་ལྟར་དྲང་སྲོང་རྣམས་ཀྱི་ནང་ན་ལྷམ་མེ། ལྷན་ནེ། ལྷང་དེ་སྟེ། ལུག་རྣམས་ཀྱི་ནང་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པ་འདྲ་ལ། སྲིན་བུ་མེ་ཁྱེར་ཀྱི་དྲུང་ན་ཉིན་ཟླ་དང་མཚུངས




iiif viewer powered by OpenSeadragon

34b - 35b

Texts on this page

Q911 - 'phags pa chos kyi phung po zhes bya ba theg pa chen po'i mdo
Q912 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo