e-texts navigator
Collection
Volume
Page
Wylie

34b1 ཆགས་པར་འགྱུར་རོ།། ཤཱ་རིའི་བྲེ་བུད་མད་ཀྱི་ལུས་ལ་ལུས་ཀྱི་ནང་སྡེ་གནས་ཀྱི་སྒྲོན་སྲིན་རྒྱ་ཚོགས་པཞི་ཡོད་དེ། འདིས་ཏེ། མརྒྱ་མཆོག་ཅེས་བྱ་དང་། གང་ཐསྐད་ཅེས་བྱ་བ་དང་། རླུང་འབྱིན་ཅེས་བྱ་བ་དང་། འདོད་ལན
34b2 ཅེས་བྱ་བ་སྟེ། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་བུད་མེད་ཀྱི་ལུས་ལ་ཟས། དེས་ན་བུད་མེད་ཉོན་མོངས་པ་རྣམས་ཀྱིས་ཤིན་ཏུ་འབྱུར་བར་བྱས་ཏེ། འདོད་པ་ཡོངས་སུ་སྤྱད་པས་མི་ངོམས་པ་ཡིན་ནོ།། དེ་ལྟ་བས་ན་དེ་བཞིན་གཤེག
34b3 པས་བུད་མེད་ཀྱི་སྐྱོན་ཆེས་ལྡེག་པ་དེ་དག་མཁྱེན་ནས་བསླབ་པའི་གཞི་ལྷག་པ་དང་བཅའ་བར་མཛད་དོ། ། ཤཱ་རིའི་བུ་ཆོས་ཀྱི་ཕུང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དང་ཡང་དུ་འཁོར་བཞི་པོ་དག་ལ་སྟོན་ཅིག། དེ་ཅིའི་ཕྱིར་ཞེ་ན།
34b4 འདོད་པ་རྣམས་ནི་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར། ལུས་ན་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར་བའི་ཕྱིར་རོ།། ཤཱ་རིའི་བུ་དེ་ལྟར་ལུས་འདི་བཅོས་མ་ཡིན་པ་དེ་ཤེས་ནས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མ་གཏོགས
34b5 པར་སུ་ཞིག་འདོད་པ་རྣམས་ལ་སྟོན་པར་བྱེད་དེ་དེ་ནི་གནས་མེད་དོ། ། ཤཱ་རིའི་བུ་དེ་ལྟ་བས་ན་ལུས་འདི་ལ་མངོན་པར་དགའ་བར་མི་བྱ། ལྷག་པར་ཆགས་པར་མི་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།། བདེ
34b6 བར་གཤེགས་པས་དེ་སྐད་གསུངས་ནས་དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལུས་ནི་མི་གཙང་ལས་བྱུང་སྟེ།། རྟག་ཏུ་སྲོགས་ཆགས་རྣམས་ཀྱང་གནས། གཅིན་དང་རྟུག་པས་རབ་གང་ན།། དེ་ལ་བྱིས།
34b7 པ་རབ་ཏུ་ཆགས།། དགེ་སློང་ཕ་དང་དགེ་སློང་མ།། དགེ་བསྙེན་ཕ་དང་དགེ་བསྙེན་མ།། འདི་ཐོས་ནས་ནི་འདོད་ཆགས་བྲལ།། འདོད་ཆགས་བྲལ་ནས་རྣམ་པར་གྲོལ།། ཆོས་དང་ལྡན་པ་རྣམས་ལ་ནི།། ཉེས་པ་འདི་དག་ངས་མ་བསྟན།། །
34b8 གང་དག་འདོད་ལ་ལོངས་སྤྱོད་པ།། དེ་དག་ལ་ནི་སྐྱོན་རྣམས་བཤད།། སངས་རྒྱས་ཀྱིས་ནི་བསྟན་པ་བཞིན།། བུད་མེད་མཐོང་ན་སུ་རྟོག་སྟེ།། ཡང་དག་བསྐུལ་བ་ཤེས་ནས་སུ།། མཁས་པ་དེ་དང་རྟོག་མི་བྱེད།། བཅོམ




iiif viewer powered by OpenSeadragon

34a - 35a

Texts on this page

Q911 - 'phags pa chos kyi phung po zhes bya ba theg pa chen po'i mdo