e-texts navigator
Collection
Volume
Page
Wylie

33a1 བ་འགྱོད་པར་འགྱུར་བ་དང་། མནར་མེད་པར་འགྲོའོ་ཞེས་འཁོར་གྱི་ནང་ན་འདུག་ན་སྐྲག་པ་དང་། བདག་ཉིད་ཚུལ་ཁྲིམས་ལ་བསྐུར་བ་འདེབས་པ་དང་། བདག་ནི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་སྤངས་པ་དང
33a2 བདག་ནི་ཉན་ཐོས་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། བདག་ནི་ལྷ་རྣམས་ཀྱིས་ཡོངས་སུ་སྤངས་པའོ་སྙམ་པ་དང་། འཆི་བའི་ཚེ་འཇིགས་པ་དང་བཅས་པ་དང་། ངན་འགྲོར་འགྲོ་བ་དང་། མིའི་ལུས་ཐོབ་པར་དཀའ
33a3 བའོ། ། ཤཱ་རིའི་བུ་དེ་དག་ནི་དགེ་སློང་ཚུལ་ཁྲིམས་འཆལ་བའི་འཚལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་སྟེ། ཚུལ་ཁྲིམས་འཆལ་པ་ནི་མཆི་བའི་དུས་ཀྱི་ཚེ་གདུང་བ་འབྱུང་བར་འགྱུར་རོ།། ཤཱ་རིའི་བུ་དེ་ལྟ་བས་ན་འདོད་པ་རྣམས་ལ
33a4 ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། ། ཤཱ་རིའི་བུ་འདི་ལ་དགེ་སློང་དགོན་པ་ན་གནས་པ་འམ། ཤིང་དྲུང་ན་གནས་པ་འམ། ཁང་སྟོང་ན་གནས་པ་འམ། བླ་ག་བ་མེད་པ་ན་གནས་པ་ནི་འདོད་པ་རྣམས་ནི་དྲི་ངའོ།། དོད
33a5 པ་རྣམས་ནི་མི་མཐུན་པའོ། ། འདོད་པ་རྣམས་ནི་རྨའི་ཁ་ལྟ་བུའོ།། འདོད་པ་རྣམས་ནི་བལྟ་བར་མི་འོས་པའོ།། འདོད་པ་རྣམས་ནི་སྨད་པར་བྱའོ།། འདོད་པ་རྣམས་ནི་བཤད་པས་ཡོངས་སུ་གང་བའི་རོ་ལྟ་བུའོ་ཞེས་དེ་ལྟར
33a6 སོ་སོར་ཡང་དག་པར་སློབ་པོ། ། དེ་དག་ནི་བྱིས་པ་འཕྱར་བའི་སྤྱོད་ཡུལ་ཡིན་ཏེ། ཤཱ་རིའི་བུ་བུད་མེད་ལ་སྟེན་པ་དང་བསྟེན་པས་ཆོག་གོ། ཤཱ་རིའི་བུ་བུད་མེད་ཀྱི་ལུས་ཕྱི་ས་དང་མཆིལ་མས་ཡོངས་སུ་གང་བ་དེ་ལ་སུ
33a7 ཞིག་དགའ་སྟེ། ཤཱ་རིའི་བུ་དེ་དག་ནི་འཇིག་རྟེན་གྱི་ཁྱི་རོ་རུལ་བ་དང་འདྲ་བར་སྨད་པར་བྱ་བ་ཡིན་ནོ།། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་བྱི་རོ་མི་གཙང་བ་རུལ་བ། དྲི་ང་བ། མདོག་མི་སྡུག་ཅིང་སྔོ་ལ་སྤུག
33a8 བམུགས་པ། སྲོག་ཆགས་ཀྱིས་ཡོངས་སུ་གང་བ་ཞིག་ལ་མ་ཀན་སྣང་ལ། དེའི་སྟེར་ན་ཆར་བ་ཡང་བབ་ཅིང་དེ་རླུང་གིས་ཀྱང་ཀུན་ནས་བཏབ། དེར་མི་རྣམས་ཀྱང་ཀུན་ནས་འཁོར་བར་གྱུར་ཏེ། དེ་དག་གིས་དྲི་དེ




iiif viewer powered by OpenSeadragon

32b - 33b

Texts on this page

Q911 - 'phags pa chos kyi phung po zhes bya ba theg pa chen po'i mdo