e-texts navigator
Collection
Volume
Page
Wylie

326a1 སེམས་དཔའ་ཆེན་པོའི་རྗེས་སུ་འབྲང་བར་འགྱུར་བ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ངས་ནི་ལྷ་སྦྱིན་ལ་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག
326a2 ཡོངས་སུ་རྫོགས་པར་གྱུར་ཅིང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ། ། རྣམ་གྲངས་གང་གིས་ཞེ་ན། རིགས་ཀྱི་བུ་འདི་ལ་གང་གི་ཚེ་སེམས་ཅན་དག་བདེ་བ་དང་ལྡན་པར་བྱས་པ་དེའི་ཚེ་སྦྱིན་པར་མི་ཤེས
326a3 ལེན་པར་ཡང་མི་ཤེས་ནས་ལྷ་སྦྱིན་བྱང་ཆུབ་སེམས་དཔའི་གན་དུ་འོངས་ཏེ། བུ་སློང་ཆུང་མ་སློང་རྒྱལ་སྲིད་སླང་། ལག་པ་དང་། རྐང་པ་དང་། མིག་དང་། མགོ་དང་། དེ་ལ་སོགས་པ་གཞན་དག་ཀྱང་གང་དཀའ
326a4 པར་སྤྱོད་པ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པར་བྱེད་པ་དག་སླད་ནས་བྱང་ཆུབ་སེམས་དཔའ་མ་ཞུམ་པར་གྱུར་ཅིང་སྦྱིན་པ་བྱེད་དེ་དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་དགའ་ཞིང་སྦྱིན་པ་ལ
326a5 མོས་པར་གྱུར་ཏེ། བདག་ཅག་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཤིང་ཚུལ་ཁྲིམས་འཛིན་པར་བྱེད་པ་དེ། གང་ཚུལ་ཁྲིམས་འདྲལ་བར་འདོད་པ་དག་པ་དང་། དེ་ནས་བྱང་ཆུབ་སེམས
326a6 དཔའ་ཚུལ་ཁྲིམས་མི་འདྲལ་བ་དེ་མཐོང་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་ཚུལ་ཁྲིམས་ལེན་པར་བྱེད་དེ། ། བརྒྱབ་བམ་བརྡེགས་སམ།། སྤྱོས་ཀྱང་མི་ཁྲོ་ཞིང་དེ་དག་བཟོད་པ་རྫོགས་པར་འགྱུར་བས་རྣམ་གྲངས
326a7 དེའི་ཕྱིར་སེམས་ཅན་དཔག་ཏུ་མེད་པ་དོན་བྱས་སོ། ། གང་ཡང་ལྷ་སྦྱིན་གྱིས་དེ་བཞིནི་གཤེགས་པའི་བསང་བར་བཤམས་པ་དང་། བལ་གླང་ནོར་སྐྱོང་བཏང་བ་དང་། རྡོའི་སྒྱོགས་འཆར་བཅུག་པ་དེ་ཡང་དེ་བཞིན
326a8 གཤེགས་པའི་ཐབས་མཁས་པར་ཤེས་པར་བྱའི། ལས་ཀྱི་སྒྲིབ་པའི་ཉོན་མོངས་པ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་འདི་ལ་གནས་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ།། རིགས་ཀྱི་བུ




iiif viewer powered by OpenSeadragon

325b - 326b

Texts on this page

Q927 - 'phags pa thabs mkhas pa zhes bya ba theg pa chen po'i mdo