| | e-texts navigator
|
322b1 ཀྱི་བིར་ཆད་བྱེད་མི་ནུས་མོད་ཀྱི། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བདུད་ཀྱིས་བྲམ་ཟེ་དང་། ཁྱིམ་བདག་ཕྱོགས་སུ་བྱིན་གྱིས་བརླབས་སོ།། དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཆུང་ཟད་ཀྱང་མེད་དེ། སེམས
322b2 ཅན་དེ་དག་ཡོངས་སུ་སྨིན་པར་བྱང་བའི་ཕྱིར་ཐབས་མཁས་པ་སྟོན་ཏོ། ། དེ་ལ་དེ་བཞིན་གཤེགས་པ་བཤོས་བཅད་པ་དང་། བདུད་དང་བདུད་ཀྱི་རིས་ལྷ་རྣམས་དང་ལྷ་གཞན་དག་དགེ་སྦྱོང་གཽ་ཏ་མ་འམ། དེའི་ཉན
322b3 ཐོས་དག་ཡིད་མི་བདེ་བར་མ་གནས་གྲང་ཞེས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་སེམས་ལ་རྟོག་སྟེ། དེ་དག་ཉན་མཚན་དུ་དེ་བཞིན་གཤེགས་པ་ཉན་ཐོས་དང་དགེ་འདུན་དང་བཅས་པའི
322b4 སེམས་ལ་བརྟགས་ཀྱང་སེམས་ཀྱིས་གནས་གཅིག་ཀྱང་ཡིད་མི་བདེ་བར་མ་མཐོང་སྟེ། མ་ཁེངས་མ་དུད་ཅིང་སྔོན་ཇི་ལྟ་བ་ཕྱེས་ཀྱང་། དེ་བཞིན་ཕྱིས་ཇི་ལྟ་བ་སྔོན་ཡང་དེ་བཞིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་བདུན
322b5 ཁྲི་སེམས་དང་ནས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བ་དང་། དེ་བཞིན་གཤེགས་པས་ཅི་ནས་ཀྱང་དེ་དག་ཐམས་ཅད་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པའི་ཆོས་བཤད་དེ།། དེ་ཡང་དེ་བཞིན་གཤེགས
322b6 པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་ནི་མ་ཡིན་པར་ཤེས་པར་བྱའོ།། ཅིའི་ཕྱིར་ན་བུ་མོ་ཙན་ཙས་ཤིང་གི་གཞོད་པ་ལྟོ་བ་ལ་བཅིངས་པ་ནས་བཀུར་ནས་དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པའི
322b7 ཉེས་པ་གང་ཡང་མེད་ལ། དེ་བཞིན་གཤེགས་པའི་བུ་མོ་ཙན་ཙས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཕང་ཡང་ནུས་མོད་ཀྱི། དེ་བཞིན་གཤེགས་པའི་ཐབས་མཁས་པ་ལས་ཀྱི་བྱེད་པ་སྟོན།
322b8 ཏོ།། བསྟན་པ་འདི་ལ་རབ་ཏུ་བྱུང་བ་སྐུར་བ་གཏབ་པ་དག་བྱུང་སྟེ། དེ་དག་མི་བདེན་པར་བསྐུར་བར་འགྱུར་རོ།། དེ་དག་འགྱོད་པ་ཙམ་དུ་གྱུར་ཏོ།། སྐུར་བ་དང་། དེ་བཞིན་གཤེགས་པ་ཆོས་དཀར་པོ་ཐམས་ཅད་དང
iiif viewer powered by OpenSeadragon
322a - 323a