e-texts navigator
Collection
Volume
Page
Wylie

31a1 ཤམ་མི་གཙང་བ་བརྩོག་པ་བལྟ་བར་བྱ་བ་མ་ཡིན་པ་འབྱུང་ངོ་། ། ཤཱ་རིའི་བུ་མིག་ཀྱང་དེ་དང་འདྲའ་བ་བརྗོད་དེ་འདི་ལྟ་སྟེ་དཔེར་ན་བོར་མོའི་ཤ་མའམ། ཕག་མོ་འམ། ཁྱི་མོའི་ཤ་མ་དང་འདྲ་བར་མིག་ཀྱང་དེ་བཞིན་འདུག་སྟེ།
31a2 མིག་གི་འབྲས་བུའི་ནང་དེ་ནི་ཆུའི་ཆུ་བུ་ལྟ་བུར་འདུག་གོ། དེ་ལྟར་མི་གཙང་བ་འབྱུང་ཞིང་དེ་ལྟར་མི་འཐུན་པའོ།། རྣག་དང་ཁྲག་རབ་ཏུ་འཛག་ཅིང་མི་གཙང་བ་རབ་ཏུ་འཛག་གོ། ཤཱ་རིའི་བུ་མི་གཙང་བ་རྣག་དང་ཁྲག་རབ་ཏུ་འཛག
31a3 ཅིང་ཆུའི་སྙིང་པོ་འཛག་པའི་ལུས་ལ་ཆགས་པ་གང་ཡིན་པ་དེ་ལྟ་བུ་ནི་མིག་ཅེས་བརྗོད་དོ། ། ཤཱ་རིའི་བུ་འདི་ལ་རྒྱུ་གང་གིས་མིག་ཅེས་བྱ་བ་དེའི་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། དེ་ནི་ལུས་ཀྱི་གཙོ་བོ་ཡིན་ཏེ། གཟུགས་ལ་ལྟ་བས་ཐོག
31a4 མདེ། ། དབུས་དང་། མཐར་ངོམས་པ་མེད་ལ་ལུས་ཀྱིས་མི་དགེ་བ་རྒྱ་མཚོ་རྙེད་བྱེད་དེ། རྒྱུ་དེས་ན་མིག་ཅེས་བྱའོ།། ཤཱ་རིའི་བུ་འདི་ལ་གང་གིས་ན་དེ་མིག་ཅེས་བྱ་བ་ནི་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། མི་འཐུན་པའི་ཕྱིར་རོ།། ཤཱ་རིའི་བུ་མི
31a5 གི་མི་འཐུན་པ་དེ་གང་ཞེ་ན། གང་གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས་པ་དང་། ཚོར་བ་མེད་པ་ལ་ཚོར་བར་འདུ་ཤེས་པ་དང་། འདུ་ཤེས་མེད་པ་དང་། འདུ་བྱེད་རྣམས་མེད་པ་དང་། རྣམ་པར་ཤེས་པ་མེད་པ་ལ་རྣམ་པར་ཤེ།
31a6 པར་འདུ་ཤེས་པའོ།། ཡང་འདི་ལ་རྒྱུ་གང་གིས་དེ་མིག་ཅེས་བྱ་བའི་རྒྱུན་གང་རྐྱེན་ནི་གང་ཞེ་ན། འདིས་དགེ་བ་སྤྱོད་པ་ཉམས་པར་བྱེད་དེ། རྒྱུ་དེས་ན་མིག་ཅེས་བྱའོ།། འདིས་དགེ་སློང་གི་དངོས་པོ་ལས་ཉམས་པར་བྱེད་པས་ནི
31a7 མིག་ཅེས་བྱའོ། ། ཤཱ་རིའི་བུ་མིག་ནི་མི་རྟག་པ། མི་རྟན་པ། ཐེར་ཟུག་མ་ཡིན་པ་སྟེ། རྒྱུ་དེས་ན་མིག་ཅེས་བྱ་བར་ཤེས་པར་བྱའོ།། ཤཱ་རིའི་བུ་དགེ་སློང་མཁས་པ། མང་དུ་ཐོས་པ། ཞུམ་པ་མེད་པ་རྣམས་ཀྱིས་ནི་མིག་བུད་མེད
31a8 མ་ཡིན། སྐྱེས་པ་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། གང་ཟག་མ་ཡིན་པ་དང་། ཤཱ་རིའི་བུ་དེ་བཞིན་དུ་སྦྱར་ཏེ་རྣ་བ་དང་སྣ་དང་། ལྕེ་དང་ལུས་དང་། ཡིད་ནི་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། སེམས




iiif viewer powered by OpenSeadragon

30b - 31b

Texts on this page

Q911 - 'phags pa chos kyi phung po zhes bya ba theg pa chen po'i mdo