| | e-texts navigator
|
304b1 དཔའ་ཐབས་མཁས་པའི་ཡེ་ཤེས་གང་དུ་འཇུག་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུའི་དེ་ལྟ་སྟེ། སྨད་འཚོང་མ་ཐབས་དྲུག་བཅུ་རྩ་བཞི་དང་ལྡན་པ་ཤིན་ཏུ
304b2 ལོབས་པ་ནོར་འདོད་པ་ནི་སྐྱེས་བུ་དེ་ལས་ནོར་མ་གྲུབ་ཀྱི་བར་དུ་སེམས་ཅན་དེ་དག་གི་དྲུང་ན་ཅི་ནས་ཀྱང་བདག་གིས་ལུས་གཏོང་བ་ཡང་སྟོན་པ་དང་། ཡོ་བྱད་ཐམས་ཅད་ཀྱང་མི་ཟད་པར་ད་ལྟ་དེ་ལྟར་གནས་སོ།། དེ་ནས་བྱིས
304b3 དེ་ལ་མི་ལྟ་མི་སེམས་པར་འདོར་ཏེ། དེ་ཕྱིར་དེལ་འགྱོད་པར་ཡང་མི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཡང་ཐབས་མཁས་པ། གང་གིས་སེམས་ཅན་འདི་དག་བདག་གིས་སེམས་སུ་སྨིན་པར་བྱ་བར
304b4 ཤེས་ནས་སེམས་ཅན་འདི་དག་རྣམས་ཀྱི་དགེ་བའི་རྩ་བ་ལ་དགའ་བས་ཅུང་ཟད་ཀྱང་མི་སྦེད་ཅིང་བདག་གི་ལུས་གཏང་བར་བྱེད་པ་སྟོན་པའི་བར་དུ་སེམས་ཅན་དེ་དག་གི་དྲུང་དུ་དེ་ལྟ་དེ་ལྟར་གནས་ཏེ། ནམ་ཞིག་ཨེ་མའོ་སེམས
304b5 ཅན་འདི་དག་དགེ་བའི་རྩ་བ་བསྐྱེད་པ་ཡིན་ཏེ། ཕྱིན་ཆད་དེ་ལས་ལྷག་པའི་གཞག་ཏུ་མི་ནུས་པར་ཤེས་ནས་ནི་དེ་ལ་མི་ལྟ་ཞིང་དགའ་བ་དང་། རྩེ་བ་ཐམས་ཅད་ཀྱང་གཏད་སྟེ་འགྲོའོ།། དེ་ལ་རག་ལུས་པའི་སེམས་ཀྱང་མེད་དོ།། རིགས
304b6 ཀྱི་བུ་འདི་ལྟ་སྟེ། བྱོལ་སོང་དུ་གཏོགས་པའི་སྲོག་ཆགས་ཀྱི་རྣམ་པ་བུད་པ་ཞེས་བྱ་བ་དེ་མེ་ཏོག་ཐམས་ཅད་ཀྱི་དྲིལ་སྡོམ་པ་ཡང་གད་དུ་ཡང་བརྟགས་པ་བར་སྲེད་པར་ནི་སྒོམ་མོ།། དྲི་དང་ལོ་མར་ཡང་མི་འབྲོགས་གོ།། དེ་བཞིན་དུ
304b7 ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་འདོད་པའི་དགའ་བ་དང་རྩེ་བ་ཐམས་ཅད་སྤྱོད་ཀྱང་གང་དུ་ཡང་རྟག་པར་སད་པ་མི་སྐྱེད། བདག་དང་གཞན་ཉམས་པར་ཡང་མི་བྱེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ས་བོན
304b8 ཡོངས་སུ་གདུངས་པའི་ཁ་དོགས་ཉམས་པ་མེད་ཀྱང་ལྗང་བུ་འབྱུང་བར་མི་ནུས་སོ། ། རིགས་ཀྱི་བུ་དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཤེས་རབ་ཡོངས་སུ་བསྒོམས་པས་ཉོན་མོངས་པ་ནི་དགའ
iiif viewer powered by OpenSeadragon
304a - 305a