| | e-texts navigator
|
301b1 གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་བསླབ་པ་བསློབ་པ་ན་བསྐལ་པ་བརྒྱ་སྟོང
301b2 དུ་ཡང་རྩ་བ་དང་འབྲས་བུ་ཟ་བར་འགྱུར་ལ་སེམས་ཅན་ཐམས་ཅད་ཀྱིས་སྙན་པར་སྨྲ་བ་དང་། མི་སྙན་པར་སྨྲ་བ་ཡང་བཟོད་ཅིང་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་ཡང་ལྡན་པར་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་ལྟུང་བའི
301b3 རྩ་བ་ལྕི་བ་ཡིན་ནོ། ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་ལྟུང་བའི་རྩ་བ་བྱུང་ན་ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་པ་མེད་པ་དེ་བཞིན་དུ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡང
301b4 ལྟུང་བ་མ་མཐོལ་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཡིད་ལ་བྱེད་པ་མ་གཏང་ན་སངས་རྒྱས་ཀྱི་སར་ཡོངས་སུ་མྱ་ངན་ལས་འདས་པའི་སྐལ་བ་མེད་དོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ
301b5 ལྡན་འདས་བདག་བསོད་སྙོམས་ཀྱི་ཕྱིར་མཐར་གྱིས་སྤྱོད་པ་ན་བྱང་ཆུབ་སེམས་དཔའ་འོད་མར་ལྡན་གྱི་རྒྱལ་པོ་ཁང་བཞིག་ན་བུད་མེད་དང་ཁྲི་གཅིག་ལ་ལྷན་གཅིག་མཆིས་པར་མཐོང་སྟེ། ལྟུང་བ་བྱུང་ན་མཐོང་ནས་བཅབ་ཤིག། ཚངས་པ་དང་།
301b6 མཚུངས་པར་སྤྱོད་པ་གཞན་དག་ལ་ཟློས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱིས་སྟོན་པ་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཅུང་ཟད་ཀྱང་མི་མཁྱེན་པའམ། མ་གཟིགས
301b7 པའམ། ཐུགས་སུ་མ་ཆུད་པ་མ་མཆིས་པ་དེའི་སླད་དུ་བདག་བཅོམ་ལྡན་འདས་ལ་གསོལ་ལོ་ཞེས་ཚེ་དང་ལྡན་པ་དགའ་བོས་དེ་སྐད་ཀྱི་ཚིག་སྤྲས་ནས་རིང་པོ་མ་ལོན་པར་དེ་ནས་དེའི་མོད་ལས་གཡོས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས
301b8 དཔའ་འོད་མར་ལྡན་གྱི་རྒྱལ་པོ་ཤིང་ཏ་ལ་གང་ཙམ་སྟེང་གི་བར་སྣར་ལ་འདུག་ནས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་དགའ་བོ་དེ་ཇི་སྙམ་དུ་སེམས། ལྷུང་བ་བྱུང་བའི་ཆོས་ཅན་གྱིས་པར་སྣང་ལ་འདུག་པར
iiif viewer powered by OpenSeadragon
301a - 302a