e-texts navigator
Collection
Volume
Page
Wylie

299a1 པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་ལུང་བསྟན་པ་དེ་དང་དེ་ཉིད
299a2 ཀྱིས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། ཞེས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ
299a3 ཆེན་པོ་རྣམས་ཀྱི་ཐབས་མཁས་པ་ཐབས་མཁས་པ་ཞེས་བགྱི་བའི་ཐབས་མཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ལ་འདི་སྐད
299a4 ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་ཐས་ཁམ་ཅིག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས
299a5 དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ནི་བྱོལ་སོང་དུ་གཏོགས་པ་ལ་ཟས་ཁམ་ཅིག་སྦྱིན་པར་བྱེད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པ་ཡིན་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་བསྔོའོ།།
299a6 དེནི་རྒྱུ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། གཉིས་པོ་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། བསྔོ་བའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས
299a7 པས་ནི་ཕ་རོལ་གྱི་དགེ་བའི་རྩ་བ་ལ་ཡིད་རང་བར་བྱེད་དོ། ། ཡིད་རང་བར་བྱས་ནས། སེམས་ཅན་ཐམས་ཅད་ལ་བསྔོ་སྟེ། དེ་ཐམས་ཅད་མཁྱེན་པའི་སེམས་དེས་སྦྱིན་པར་བྱེད་པ་དང་། སྦྱིན་པའི་བདག་པོ་དག་ཟིལ་གྱིས་གནོན་ཏོ།།
299a8 གང་ལེན་པར་བྱེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཏོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་ཕྱོགས་བཅུ་ན་ཤིང་ལས་བྱུང་བའི་མེ་ཏོག་གང་ཅི་ཡོད་པ་ཕྲ་མ་ཡོངས་སུ་མ་བླངས་པའི་རྣམས་དང་།།




iiif viewer powered by OpenSeadragon

298b - 299b

Texts on this page

Q927 - 'phags pa thabs mkhas pa zhes bya ba theg pa chen po'i mdo