| | e-texts navigator
|
297a1 ལོ། ཕུལ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་མ་རིག
297a2 པའི་མུན་པ་ཆེན་པོས་རྨོངས་པ་རྣམས་ལ་སངས་རྒྱས་ཀྱི་དོན་བགྱི་བར་ཇི་ལྟར་རྡོ་ཐོགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། རིགས་ཀྱི་བུནམ་མཁའི་རྣམ་བཅིངས་མ་གྲོལ་བ། ཉོན་མོངས་པ་ཅན་མ་ཡིན
297a3 མ་རྨོངས་པ། རང་བཞིན་གྱིས་དག་པའོ།། ནམ་མཁའ་ལ་རླུང་གི་རྐྱེན་གྱིས་རྡུལ་འཐུལ་ཞིང་རླུང་གིས་དཀྲུགས་པས་ཡོངས་སུ་མ་དག་པའི་མཚན་ཉིད་དུ་སྣང་སྟེ། ཆུས་ནི་ཞི་བར་བྱེད་ཅིང་དྲི་མ་མེད་ལ་ཡོངས་སུ་དག་པར་འགྱུར
297a4 རོ། ། དེ་ལ་སྐར་མ་དང་། གཟའ་དང་། ཉི་མ་དང་། ཟླ་བའི་བྱེ་བྲག་མི་མངོན་ནི་ནི་སྐད་ཅིག་དང་། ཐང་གཅིག་དང་། ཡུད་ཙམ་དང་། ཉིན་མོ་དང་། མཚན་མོ་དང་། དུས་དང་། ལོ་རྣམས་ཀྱི་བགྲང་བ་ཡང་མི་མངོན་ནོ།། རིགས་ཀྱི་བུ་དེ་བཞིན་དུ
297a5 དེབཞིན་གཤེགས་པའི་དོན་དམ་པ་སྟོང་པ་ཉིད་ཀྱི་དབང་དུ་སོང་བའི་སེམས་ནི་རང་བཞིན་གྱིས་དད་པའི་ཡོངས་སུ་དག་པ་ཡིན་མོད་ཀྱི། སེམས་ཅན་རྣམས་ཀྱི་བློ་བུར་དུ་བྱུང་བའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་སེམས་ཉེ་བར་ཉོན།
297a6 མོངས་པར་བྱས་ཏེ། དེ་དག་གི་ཕྱིར་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཆུ་དང་མཚུངས་པས་ཆོས་འཆད་པར་མཛད་དོ།། སེམས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ཅན་རྣམས་ཀྱིས་སེམས་ཡོངས་སུ་སྤྱོད་པར་མཛད་པར
297a7 ཡོངས་སུ་དག་པ་དང་། དེ་དག་གི་སེམས་དྲི་མ་མེད་པར་འགྱུར་ཏེ། དེའི་ཕྱིར་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཉི་མ་ཤར་ནས་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཚིམ་པར་འགྱུར་རོ།། སངས་རྒྱས་ཀྱི་ཡོན་ཏན་བསམ་བྱོས་མི་ཁྱབ་པ་ལ
297a8 མངོན་དུ་འགྱུར་ཏེ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞིནས་འཕགས་པའི་ལམ་ཕན་ལག་བརྒྱད་པའི་བར་ལ་གནས་པར་འགྱུར་རོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་ཀྱི་བར་ལ་གནས་པར་འགྱུར་རོ།། སེམས་ཅན
iiif viewer powered by OpenSeadragon
296b - 297b