e-texts navigator
Collection
Volume
Page
Wylie

296a1 ནས་ཐོ་རངས་ཀྱི་ཐུན་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སྐྱབས་སུ་སོད་ནས་གསོལ་བ་གདབ་པ་འདི་སྐད་དུ་བརྗོད་པར་བྱེད་དེ། ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་སྐལ
296a2 པ་སྩོལ་ཅིག། བསམ་པ་དང་། སེམས་པ་ཐམས་ཅད་དང་། བསམ་པ་ཡིད་བཞིན་དུ་རབ་ཏུ་རྫོགས་པར་མཛོད་ཅིག། གང་སེམས་ཤིང་ག་གསོལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་མཛད་ཅིག། ཅེས་བརྗོད་ན།
296a3 དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མིའི་ལས་འདས་པས་སྒྲ་དེ་ཐོས་ནས་སེམས་ཅན་དེ་དག་ལ་བདག་ཅི་རིགས་པར་སྟོན་ཏེ། དེ་དག་ལ་ད་ལྟར་ཐབས་ཀྱང་སྟོན་ཏོ།། བྱང
296a4 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དེ་ནི་དེ་ལྟ་བུའི་ཐབས་ཀྱི་ཡོན་ཏན་གྱི་ཆོས་དང་ལྡན་ནོ། ། བློ་རྒྱ་མཚོ་ཆེན་པོ་དང་ལྡན་ནོ།། རིགས་ཀྱི་བུ་རྒྱ་མཚོ་ཆེན་པོའི་ཆུའི་ཐིགས་པ་ནི་ལ
296a5 ལ་ཞིག་གིས་ཚད་བཟུང་བར་ནུས་སྲིད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཐབས་དང་ཡེ་ཤེས་ལ་མཁས་པ་དང་། ཐབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཚད་ནི་བཟུང་མི་ནུས
296a6 སོ། ། རིགས་ཀྱི་བུ་ཕྱོགས་བཅུའི་ནམ་མཁའ་མཐའ་ཡས་མུ་མེད་པ་ཐམས་ཅད་ཀྱི་ཚད་ནི་ལ་ལས་གཟུང་བར་ནུས་སྲིད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་སེམས་ཅན་ཡོངས་སུ་སྨིན་པར་བྱ
296a7 པའི་ཕྱིར་རྣམ་པ་སྣ་ཚོགས་སུ་སྤྲུལ་པར་བྱེད་པ་ནི་ཚད་བཟུང་མི་ནུས་སྟེ། ལ་ལར་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་པར་བྱེད་དོ།། ལ་ལ་རི་ནི་བྲམ་ཟེའི་གཟུགས་སུ་བྱེད་ཅིང་།
296a8 སེམས་ཅན་ཇི་ལྟ་བུས་འདུལ་བ་དེ་ལྟ་བུའི་གཟུགས་ཀྱི་བར་དུ་སྤྲུལ་པར་བྱེད་དེ། དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ཀྱི་ནང་དུ་ནི་དུད་འགྲོའི་གཟུགས་སུ་སྤྲུལ་པར་བྱེད་དོ།། སེམས་ཅན་དམྱལ་བ་པ་རྣམས




iiif viewer powered by OpenSeadragon

295b - 296b

Texts on this page

Q926 - 'phags pa nam mkha'i snying po zhes bya ba theg pa chen po'i mdo