| | e-texts navigator
|
295b1 ཀྱིས་འཇིགས་པ་དང་། གང་དག་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་ན་བའི་གསོས་སྨན་དང་། ཡོ་བྱད་ཀྱིས་ཕོངས་པ་དེ་དག་གལ་ཏེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མདེ་ནས་བརྗོད་ཅིང་།
295b2 མཆོད་པ་ཅི་ནུས་ཀྱིས་བྱེད་ལ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་གཞོག་པ་འདི་སྐད་དུ་ཡང་སྨྲ་སྟེ། དགོངས་ཤིག། དགོངས་ཤིག། ཐུགས་རྗེ་ཆེན་པོ་དང་ལྡན་པ། གྲགས་པ་ཆེན་པོ་ནམ་མཁའི་སྙིང་པོ་འགྲོ
295b3 བའི་དོན་བཞེད་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་གཟིགས་ཤིག། བདག་འདི་ལྟ་བུ་ལས་རབ་ཏུ་ཐར་པར་མཛོད་ཅིག། སྐལ་པ་སྩོལ་ཅིག། མཐུ་ཆེན་པོ་བདག་ལ་ནི་སྡུག་བསྔལ་གྱིས་ཉམ་ཐག་གོ། ཤིན་ཏུ་དབུལ་ལོ།།
295b4 བདག་ནི་ཁྱོད་ལ་རྟེན་ནས་ཞི་བ་དང་བདེ་བ་དང་། ཚེ་འདི་དང་ཚེ་རབས་གཞན་དུ་ཐོབ་པར་འགྱུར་རོ་ཞེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་གཟུགས་ཐ་མལ་པ་ནས་བུ་མོའི་གཟུགས་ཀྱི་བར་གྱིས་སེམས
295b5 ཅན་དེ་དག་གི་མདུན་དུ་འདུག་སྟེ། དབུགས་འབྱིན་པར་བྱེད་དོ།། གང་དག་ཅི་ལས་འཇིགས་པ་དེ་དག་དེ་ལས་རབ་ཏུ་ཐར་པར་བྱེད་དེ།། གང་དག་དབུལ་བ་གོས་མེད་པ་ནས་གང་དག་ཡོ་བྱད་ཀྱིས་བྲེལ་བ་དག་གིས་བར་དུ་དེ་དག་ལ་དེ་ལྟ
295b6 དེ་ལྟར་བསམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པའི་བར་དུ་འགྱུར་རོ།། རྒྱལ་པོའི་བུལ་ལ་ཞིག་གནས་ཆེན་པོའི་དབང་སྐུར་བ་ཐོབ་པར་སེམས་དཔའ་དེ་གལ་ཏེ་བྱང་ཆུབ་སེམ།
295b7 དཔའ་ནམ་མཁའི་སྙིང་པོའི་མིང་བརྗོད་ཅིང་ཕྱག་འཚལ་ལ། མཆོད་པ་དང་། རིམ་གྲོ་བྱེད་པ་ལས་སོགས་ཏེ། བྲམ་ཟེའི་གནས་ཆེན་པོ་དང་། ཁྱིམ་བདག་གི་གནས་ཆེན་པོ་དང་། བཟོའི་གནས་ཆེན་པོ་དང་ཐོས་པའི་གནས
295b8 ཆེན་པོ་དང་། སྒོམ་པའི་གནས་ཆེན་པོ་དང་། གང་མོས་པའི་གནས་ཆེན་པོའི་བར་དུ་འདོད་པ་དེ་དག་གལ་ཏེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་ཐོས་ནས་ཕྱག་འཚལ་བར་བྱེད། ཁྲུས་བྱས་ཏེ་གོས་གཙང་མ་བས
iiif viewer powered by OpenSeadragon
295a - 296a