e-texts navigator
Collection
Volume
Page
Wylie

295a1 སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་གཞག་ཏེ། འདི་སྐད་ཅེས་བརྗོད་དོ།། དགོངས་ཤིག། དགོངས་ཤིག། ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་བརྙེས་པ། བདག་ལ་དྲན་པ་དང་། ཏིང་ངེ
295a2 འཛིན་གྱི་རྣལ་འབྱོར་སྩོལ་ཅིག། འདི་ལྟ་སྟེ། ཨུ་མུ་ར་ཎ་ཥེ། བ་ཀྵ་མ་ནི་ལེ། ས་མུ་དྲ་ཨ་བ་ད་རེ་ན། ན་ཡ་ན་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ། ཨ་ནུ་བ་མཛ་མ་བྷསྨི་ཏི། ཨ་ཀྲ་ཛམ་བྷ་མྲི་ཏི། བཛྲ་ཛམ་བྷ་སྨི་ཏི། ཀོ་ཤ་སྨི་ཏི། ཨ་ནུ་པ་མ
295a3 སྨྲྀ་ཏི། བཱ་ཏ་ཀོ་ཊི་སྭཱ་ཧཱ།། དེ་ལ་དྲན་པ་དང་ཏིང་ངེ་འཛིན་ལ་འཇུག་པ་སྦྱིན་པར་བྱེད་དོ།། གང་ཡང་སངས་རྒྱས་ཀྱི་བཀའ་ཡང་རུང་། ཉན་ཐོས་ཀྱིས་བཤད་པ་ཡང་རུང་སྟེ། བསྟན་བཅོས་སྣ་ཚོགས་ཀློག་པར་འདོད་ན།
295a4 དེས་ཁྲུས་བྱས་ཏེ་སྐྱེ་རེང་བྱུང་བའི་ཚེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་བྱའོ།། མཆོད་པ་ཅི་ནུས་ཀྱིས་བྱའོ།། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱའོ།། འདི་སྐད་ཀྱང་བརྗོད་པར་བྱའོ།། །
295a5 དགོངས་ཤིག། དགོངས་ཤིག། མཁས་པ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ནང་ན་བསམ་གྱིས་མི་ཁྱབ་པའི་རིགས་ཀྱི་བུ་ནམ་མཁའི་སྙིང་པོ་གང་ཟག་གི་མཆོག། དྲན་པ་དང་། ཏིང་ངེ་འཛིན་གྱི་རྣལ་འབྱོར་བདག་ལ་སྩོལ་ཅིག།
295a6 འདི་ལྟ་སྟེ། ཨཱི་ནཱི་ལ་ཛ། བི་ཥ་ན་དུ་ཥ་ཛ། བི་ཡ་བན་ཛ། པི་པཀྵི་ས་མེ། བཱ་ཤ་ལ་ཛ་སི། སྠཱན་ཤ་ར་བེ། ཤསྟྲ་ཀཎྜེ། ཧུ་མ་ཧུ་མ། མ་ཧཱ་ཀཱ་རུ་ནི་ཀ་སྭཱ་ཧཱ།། ། གང་རྒྱ་མཚོ་ཆེན་པོར་འཇུག་འདོད་པ་དང་། གང་ཁུང་དུ་འཇུག་འདོད་པ
295a7 གང་བཙུད་དམ་པ་སྤྱོད་པར་འདོད་པར་འགྱུར་བ་དང་། གང་བཙོན་རར་བཅུག་པ་དང་། གང་འཛེའ་བ་དང་བྲལ་བ་དང་། གང་མི་མཛའ་བ་དང་ཕྲད་པ་དང་། གང་དག་མེས་འཇིགས་པ་དང་། ཆུ་དང་། མཚོན་དང་། དུག་དང་། བྱད་དང་།
295a8 སྟག་དང་། སེང་གེ་དང་། དུག་དྲག་པོ་དང་། རྐུན་པོ་དང་། གཡོན་ཅན་བྱས་འཇིགས་པར་འགྱུར་བ་དང་། གང་དམ་དུ་བཅིངས་པ་དང་། གང་ཆད་པས་བཅད་པ་དང་། གང་གསད་པ་ལ་ཐུག་པ་དང་། གང་ནད་ཀྱིས་བཏབ་པ་དང་། ནད




iiif viewer powered by OpenSeadragon

294b - 295b

Texts on this page

Q926 - 'phags pa nam mkha'i snying po zhes bya ba theg pa chen po'i mdo