| | e-texts navigator
|
294b1 ཤེས་པ་ལ་ནི་རིགས་ཀྱི་བུ་བྲམ་ཟེའི་གཟུགས་སུ་སྟོན་ཏོ། ། གང་འདོད་པའི་དབང་ཕྱུག་ལ་གུས་པ་དེ་དག་ལ་ནི་འདོད་པའི་དབང་ཕྱུག་གིས་བར་དུ་སྟོན་པ་ནས།། ག་སྲེད་མེད་ཀྱི་བུ་ལ་གུས་པ་དང་། གང་དབང་ཕྱུག་ཆེན་པོ་ལ་གུས་པ་དང་།
294b2 བརྒྱ་བྱིན་ལ་གུས་པ་དང་། འཁོར་ལོས་སྒྱུར་བ་ལ་གུས་པ་དང་། ཉི་མ་དང་ཟླ་བ་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་རྣམ་ཐོས་ཀྱི་བུ་ལ་གུས་པ་དང་གང་དག་ལྷ་དང་། རི་དང་། ཤིང་དང་། ཆུ་མིག་དང་། མ་རེའུ་དང་།
294b3 སྟེང་ཀ་སྣ་ཚོགས་ལ་གུས་པའི་བར་དུ་གང་དང་གང་གིས་སྐྱབས་སུ་སོད་པའི་སེམས་ཅན་དེ་དག་གི་མདུན་དུ་བསྟན་ནས། དེ་དག་གི་བསམ་པ་ཅི་འདྲ་བ་བཞིན་དུ་དེའི་གཟུགས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་པའི་བདེན་པ་བཞི
294b4 དགལ། ། གང་དག་ཤེས་རབ་ཀྱིས་མཐོང་བ།། འཁོར་བའི་སྲིད་པ་སྲོལ་བའི་ཕྱིར།། འཁོར་བ་ན་ནི་དེ་ཀུན་ཤེས།། སེམས་ཅན་དེ་དག་གིས་ཆོས་འདི་དག་རྣམ་པར་ཤེས་པས་ཤེས་པར་བྱས་ནས་མཐོ་རིས་ལ་གཞོལ་བར་འགྱུར་རོ།། སེམས
294b5 ཅན་གང་དག་སངས་རྒྱས་ལ་མངོན་པར་དད་པ་དེ་དག་གི་མདུན་དུ་འདུག་ཏེ། སངས་རྒྱས་ཀྱི་གཟུགས་བསྟན་ནས་འདི་སྐད་ཅེས་སྨྲ། འོ།། སངས་རྒྱས་ཡེ་ཤེས་བདེན་པ་ཡིས།། སྲིད་པའི་རྒྱ་མཚོ་གང་སྒྲོལ་བྱ།། ཡེ་ཤེས་དེ་ལ་མྱུར་དུ་རེག།
294b6 སྡུག་བསྔལ་ཀུན་ལས་སྒྲོལ་བར་འགྱུར།། དེའ་ཚེ་སེམས་ཅན་དེ་དག་སངས་རྒྱས་ཡིད་ལ་བྱེད་པའི་སྒྲས་དགའ་ཞིང་རངས་ནས་འཆི་བའི་དུས་བྱས་ཏེ། སངས་རྒྱས་ཀྱི་ཞིང་རྙོག་པ་མེད་པའི་ཡོངས་སུ་དག་པ།། གདན་སངས་རྒྱས་བཅོམ
294b7 ལྡན་འདས་གཞུགས་པ། འཚོ་བ། བཞེས་པ། ཆོས་ཀྱང་སྟོན་པར་དེར་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་ཆོས་དང་དགེ་འདུན་ལ་བརྗོད་པར་བྱའོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ནི་ཡོན་ཏན་གྱི་ཆོས་བས་པ
294b8 ཀྱི་མི་ཁྱབ་པ་དང་ལྡན་ནོ། ། གང་ཡང་ཏིང་ངེ་འཛིན་དམ་པ་སྣ་ཚོགས་ལ་སེམས་ཀྱིས་ཤིན་ཏུ་དབང་བྱ་བར་འདོད་ན། དེས་ཐོ་རངས་ཀྱི་ཐུན་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ཏེ་མཆོད་པ་ཅི་ནུས་ཀྱིས་བྱའོ།།
iiif viewer powered by OpenSeadragon
294a - 295a