e-texts navigator
Collection
Volume
Page
Wylie

294a1 ཡོངས་སུ་རྫོགས་པར་འགྱུར་བ་དང་། རིང་མོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་འརྒྱ་བར་འགྱུར་བ་དེ་ལྟ་བུའི་ཐབས་དང་ཤེས་རབ་ཀྱང་དེ་ལ་སྟོན་ཏོ།། བ
294a2 ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་འདི་ནི་ཤིན་ཏུ་དཔའ་བ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡན་ལག་གི་དམ་པ་མགོ་ལ་འདུག་པར་སྣང་ངོ་། ། དེ་ལྟ་བས་ན་བྱང་ཆུབ་སེམས
294a3 དཔའས་པས་དཔའ་ཆེན་པོ་ཆེན་པོ་ནམ་མཁའི་སྙིང་པོ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། ། རིགས་ཀྱི་བུ་གཞན་ཡང་སེམས་ཅན་གང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་ཐོས་སམ།། གཟུགས་འདྲིར་འཇུག
294a4 གམ། དེ་ལ་མཆོད་པ་བྱེད་དམ། རིམ་གྲོ་བྱེད། སྟི་སྟང་བྱེད། བཀུར་སྟི་བྱེད། མཆོད་པ་བྱེད་ཅིང་། མེ་ཏོག་དང་། སྤོས་དང་། ཕྲེད་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་བདན་རྣམ་པ་དུ་མ་དག་གིས་བཀུར་སྟིར་བྱེད་ཕྱག་འཚལ
294a5 བར་བྱེད། བདག་གི་སྲོག་ཀྱང་དེ་ལ་འབུལ་བར་བྱེད་ན། སེམས་ཅན་དེ་དག་ནི་མེས་འཆི་བའི་དུས་བྱེད་པར་མི་འགྱུར།། ཆུས་མ་ཡིན། མཚོན་གྱིས་མ་ཡིན། དུག་གིས་འཆི་བར་མི་བྱེད་དེ། དེ་དག་ཚེ་ཟད་པ་མ་གཏོགས་པར་མི་འམ
294a6 མི་མ་ཡིན་པ་སུས་ཀྱང་དེ་དག་གི་སྲོག་འཕྲོག་པར་མི་ནུས། དུས་མ་ཡིན་པར་མི་འཆི། ནང་བུ་ཅན་དུ་མི་འགྱུར། དཀྲིས་པ་དང་སྐོམ་པས་འཆི་བའི་དུས་བྱེད་པར་མི་འགྱུར།། རྒྱལ་པོའི་ཆད་པས་ཆོད་པར་མི་འགྱུར། འཆི་བའི་དུས་ལ་བབ
294a7 ཀྱི་བར་དུ་ལྟུང་བའི་རྩ་བ་འབྱུང་བར་མི་འགྱུར། ། དེ་དག་མིག་གིས་གཟུགས་མི་མཐོང་། སྣ་བས་སྒྲ་མི་ཐོས། སྣས་དྲི་མི་ཆོང་། ལྡེས་རོ་མི་མྱོང་། ལུས་ཀྱིས་རེག་བྱ་མི་ཤེས་ཤིང་། ད་དུང་དུ་དབུགས་ཕྲ་མོ་འབྱུང་བ་དང་འཇུག་པར་བྱེད། ང་རུང
294a8 དུ་དེའི་ལུས་ལ་ཚེ་དང་། དྲོད་དང་། རྣམ་པར་ཤེས་པར་འཇུག་པར་འགྱུར་བས་དེའི་ཚེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཐ་མལ་པར་སྟོན་པར་བྱེད་དེ། སེམས་ཅན་གང་སྔོན་བྲམ་ཟེ་ལ་གུས་པར་འགྱུར་བ་དེ་དག་གི་རྣམ་པར




iiif viewer powered by OpenSeadragon

293b - 294b

Texts on this page

Q926 - 'phags pa nam mkha'i snying po zhes bya ba theg pa chen po'i mdo