e-texts navigator
Collection
Volume
Page
Wylie

100b1 བྱ་སྟེ། བདག་ཅག་ཐམས་ཅད་ཀྱིས་སའི་སྟེང་དུ་སྐྱིལ་མ་ཀྲུང་གིས་འཁོད་པར་བྱ་ཞིང་། རང་རང་གི་རྣམ་པ་སྣ་ཚོགས་ཀྱི་མཆོག་ཐམས་ཅད་དང་ལྡན་པའི་བཟོད་པ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། རས་འབྱེར་དག་གིས་གནས་པས།
100b2 ཏུ་བྱ་གོར་མ་ཆག་གོ་སྙམ་མོ།། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསྐལ་པ་བརྒྱས་ངེས་པར་བྱུང་བ་དག་དང་། གང་དག་ས་བཅུ་དག་དང་། གང་དག་མི་སྐྱེ་བའི་ཆོས་ཀྱི་བཟེད་པ་ལ་གནས་པའིའ་བར་དགང
100b3 གང་དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་ལ་གཞན་ལ་རག་མ་ལས་པའི་ཡེ་ཤེས་ལ་མཁས་པ་དག་དང་། མི་འཇིགས་པ་ཐོབ་པ་དག་གི་བར་དེ་དག་ཐམས་ཅད་ས་སྟེང་འདིར་སྐྱིལ་མོ་ཀྲུང་གིས་འཁོད་པར་གྱུར་ཏོ།། དེ་ཤིན
100b4 དྲརང་རང་གི་རྣམ་པ་སྣ་ཚོགས་ཀྱི་མཆོག་བྱ་ས་ཅད་ཀྱི་བཟོད་པ་དང་། གཟུངས་དང་། ཏིང་ངེ་འཛིན་དག་ལ་མཉམ་པར་བཞག་པ་དག་ཏུ་གྱུར་ཏོ།། ཡང་དེའི་ཚེ་བསོད་ནམས་ཀྱི་སྟོབས་ཇི་ལྟ་བ་བཞིན་དུ་རྒྱུ་མཐུན་པའི་རྒྱུའི་སྟོབས་ཀྱིས་བྱང
100b5 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉམ་པར་གཞོག་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བྱེད་པ་དེ་དག་ལས་ཁ་གཅིག་གི་ལུས་ལས་འོད་འདི་ལྟ་བུ་བྱུང་སྟེ། དཔེར་ན་མར་མེའི་འོད་ལྟ
100b6 ཁ་ཅིག་གིན་སྐར་མདའ་དང་མཉམ་པ་དག་གོ། ། ཁ་ཅིག་གི་ནི་བརྒྱ་བྱིན་དང་མཉམ་པ་དག་གོ།། ཁ་གཅིག་གི་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་དང་མཉམ་པ་ནས་ཁ་གཅིག་གི་ན་ཟླ་བ་དང་མཉམ་པའི་བར་དག་གོ།། ཁ་གཅིག་གི་ནི་ཉི་མ
100b7 དང་མཉམ་པ་དག་གོ། ། ཁ་གཅིག་གི་ནི་ཉི་མ་ཅིག་དང་མཉམ་པ་དག་གོ།། ཁ་གཅིག་གི་ནི་ཉི་མ་གསུམ་དང་མཉམ་པ་དག་གོ།། ཁ་གཅིག་གི་ནི་ཉི་མ་ལྔ་དང་མཉམ་པ་དག་གོ། ཁ་གཅིག་གི་ནི་ཉི་མ་སྟོང་དང་མཉམ་པའི་བར་དག
100b8 གོ། ། ཁ་གཅིག་གི་ནི་ལས་ལས་ནི་ཉི་མ་བྱེ་བ་བརྒྱ་སྟོང་དང་མཉམ་པའི་འོད་དག་བྱུང་སྟེ། མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་སྔོན་མ་མཐོང་མ་ཐོས་པའི་སྣང་བ་ཆེན་པོ་རྒྱ་ཆེ་བ་དེ་ལྟ་བས་འཛག་རྟེན་ཁྱབ་པར་གྱུར་ཏོ།། དག




iiif viewer powered by OpenSeadragon

100a - 101a

Texts on this page

Q923 - 'phags pa shin tu rgyas pa chen po'i sde nyi ma'i snying po zhes bya ba'i mdo