| | e-texts navigator
|
100a1 ཐོས་རྣམས་ཀྱི་བདེན་པ་བཞི། ། ཆོས་རྣམས་རྟག་ཏུ་ཡུན་གནས་དང་།། ཟག་པ་མེད་ཕྱིར་ངས་བཤད་དོ།། ཉན་ཐོས་བདེན་པས་འདུལ་བ་ནི།། སྲིད་པའི་མཚེ་ལས་ངས་བསྒྲལ་ལོ།། བྱང་ཆུབ་སྤྱོད་པ་ཐམས་ཅད་ཀྱང་ཁྱི
100a2 ནས་ཁྱེད་ལ་བསྟན་པར་བྱའོ། ། དེ་ནས་དེའི་ཚེ་ཐམས་ཅད་དང་ལྡན་པའི་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་གཏོགས་པའི་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ད་ལྟར་དེ་བཞིན་གཤེགས་པ་འདི་ནི་ཉན་ཐོས་ཀྱི་གཏམ་ཡང
100a3 དག་པར་རབ་ཏུ་སྟོན་པར་མཛད་ཀྱི་ཐེག་པ་ཆེན་པོའི་གཏམ་མི་མཛད་ད་སྙམ་མོ། ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ད་ལྟར་དེ་བཞིན་གཤེགས་པ་འདི་ནི་སངས་རྒྱས་ཀྱི་ཞིང་འདིར་ས་ཡོངས
100a4 སུ་སྤྱད་པའི་ཕྱིར་དང་མ་འོངས་པའི་དུས་ན་ཆོས་ཀྱི་ཚུལ་རིང་དུ་གནས་པར་བྱ་བའི་ཕྱིར་དང་། དེ་ལྟར་སངས་རྒྱས་ཀྱི་ཞིང་འདི་གང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་དང་། མ་འོངས་པའི་དུས་ན་ལྷ་དང་ཀཱ
100a5 དང་གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་ཡིན་པ་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་དང་།
100a6 སེམས་ཅན་ཆོས་ལ་མངོན་པར་བརྩོན་པ་དག་དང་། ཆོས་ལ་གནས་པ་དག་དང་། ཡོན་ཏན་གྱིས་ཕྱུག་པ་དག་དང་། ཚུལ་ཁྲིམས་ཀྱི་དྲི་དང་ཡང་དག་པར་ལྡན་པ་རྣམས་བདེ་བ་ལ་རེག་པ་དང་། རྣམ་པར་ཐོ་འཚམ་པ་མེད་པར་བྱ་བའི
100a7 ཕྱིར་དང་། བྱང་གྲོལ་གྱི་བདེ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། ཇི་ནས་སངས་རྒྱས་ཀྱི་ཞིང་འདི་ཤིན་དུ་ཡོན་ཏན་དག་གིས་བསྒོ་བར་བྱ་བའི་ཕྱིར་དང་། ཕྱོགས་བཅུ་ན་གནས་པའི་སངས་རྒྱས་ཀྱི་ཞིང་གཞན་ཐམས་ཅད་ཀྱང
100a8 བསྒོ་བའི་འོས་སུ་གྱུར་པ་དང་། བླ་མ་ལ་གུས་པ་དང་ཕྱག་བྱ་བའི་འོས་སུ་གྱུར་པར་བྱ་བའི་ཕྱིར་བདག་ཅག་ནང་དུ་ཡང་དག་པར་འཇོག་པར་བཞེད་པས་མ་ལ་བདག་ཅག་གིས། དེ་བཞིན་གཤེགས་པའི་དགོངས་པ་ཡོངས་སུ་རྫོགས་པ
iiif viewer powered by OpenSeadragon
99b - 100b