| | e-texts navigator
|
278b1 སུ་ཆུད་པའི་ཆོས་འདུལ་བ་དག་ཟོས་ན་དགའ་བ་དང་མཆོག་ཏུ་དགའ་བ་བརྒྱ་ཆེན་པོ་དག་རབ་ཏུ་ཐོབ་པར་འགྱུར་རོ། ། ཀུན་དགའ་བོ་འདི་ལ་བཞི་གང་ཞེ་ན།། དགེ་སློང་ལྷག་པའི་ང་རྒྱལ་མེད་པ་ཅན་ཡིན་ནོ།། འཇིག་རྟེན་རྒྱང་པ་ན་པ
278b2 ད་མ་འདྲེས་པ་ཡིན་ནོ། ། གཞན་དག་ལ་ཆོས་དག་སྟོན་པ་ཡིན་ནོ།། དམིགས་པ་དང་ལྡན་པ་མ་ཡིན་ནོ།། བདག་ཏུ་མངོན་པར་ཞེན་པ་མ་ཡིན་ནོ།། དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ།། ཀུན་དགའ་བོ་ཆོས་བཞི་པ
278b3 འདི་དག་དང་ལྡན་པའི་དགེ་སློང་གིས་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་དག་ཐོས་ན་དགའ་བ་དང་མཆོག་ཏུ་དགའ་བ་ཆེན་པོ་དག་རབ་ཏུ་ཐོབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ
278b4 ཡུལ་ནས་བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། དགེ་སློང་ང་རྒྱལ་མེད་པ་གང་།། ཡང་དག་ཆོས་ལ་རབ་གནས་ངས།། ། ཟབ་པའི་ཆོས་དག་ཟོས་ནས་ནི།། དག
278b5 བ་མཚུངས་མེད་ངེས་འཐོབ་པོ། ། ཆོས་ཉིད་ཟབ་པ་ཐོས་ནས་ཀྱང་།། ཡང་དག་ཆོས་ལ་རབ་གནས་པས། དམན་པ་འདི་ནི་རབ་བསྒྲགས་ཏེ།། འཇིག་རྟེན་རྒྱ་དཔན་བསྙེན་མི་བྱེད།། བདག་མེད་ཆོས་དག་ཟོས་ནས་ཀྱང་།། གཅིག་ཏུ་མྱུར
278b6 བར་ཞུམ་མི་འགྱུར། ། ཟླ་བ་ཡང་གྱིང་ལྟར་ནི།། དེ་ཡི་ཡེ་ཤེས་རྣམ་པར་འཕེལ།། བདག་མེད་ཆོས་དག་ཟོས་ནས་ཀྱང་།། གང་གིས་པོ་ཚོམ་ཡོད་མིན་ཞི་།། ཟླ་བ་ཡར་གྱི་ལྟར་ནི།། དེ་ཡི་ཡེ་ཤེས་རྣམ་པར་འཕེལ།། བཅོམ་ལྡན
278b7 འདས་ཀྱིས་དེ་སྐ། དེ་ཅེས་བཀའ་སྩལ་ནས།། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་ཏེ་མངོན་པར་བསྟོད་དོ།། དེ་བཞིན་གཤེས
278b8 པ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ། ། ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་།། ལོ་ནུབ་པ་ན་དཔལ་གྱི་དབྱངས་ཀྱིས་བསྒྱུར་ཅིང་།། ཞུ་ཆེན་གྱི་ལོ་ནུབ་པན་དཔལ་བཅགས་ཀྱིས་ཐུས་ཏེ་གཏན་མ་པཔ་ས།།
iiif viewer powered by OpenSeadragon
278a - 279a