e-texts navigator
Collection
Volume
Page
Wylie

277b1 བགྲོ་བ་དག། མདོ་འདི་གང་དུ་གསུངས་པ་ཡི།། ས་ཕྱོགས་དེ་ནི་ཀུན་དགའ་བོ།། མཆོད་རྟེན་གྱུར་པར་ཤེས་པར་གྱིས།། སྔོན་གྱིས་མགོན་པོ་འདས་པ་སྟེ།། འཇིག་རྟེན་སྣང་དབྱེད་གང་དག་གིས།། ས་ཡི་ཕྱོགས་ནི་འདི་ཉིད་དུ།། མདོ་འདི
277b2 དག་ནི་རབ་ཏུ་བཤད། ། སེམས་ཅན་མྱ་ངན་འཇིགས་བྱེད་པ།། ད་ལྟར་རྫོགས་སངས་རྒྱས་ངས་ཀྱང་།། ས་ཡ་ཕྱོགས་ནི་འདི་ཉིད་དུ།། མདོ་མཆོག་དག་ནི་བཤད་པར་བྱ།། འཇིག་རྟེན་མགོན་པོ་བསམ་མི་ཁྱབ།། རྫོགས་པའི་སངས་རྒྱས
277b3 བྱམས་པས་ཀྱང་། ། ས་ཡི་ཕྱོགས་ནི་འདི་ཉིད་དུ།། མདོ་སྡེ་འདི་ནི་འཆད་པར་འགྱུར།། མང་ཐོས་བྱམས་པ་འདི་ཡིས་ནི།། མདོ་འདི་སྟོན་པར་བྱེད་པ་ན།། ཐེར་འབུམ་བརྒྱད་བཅུ་ཚད་བ་དག། བྱང་ཆུབ་ཏུ་ཡང་ལུང་སྐྱོན་འགྱུར།། བདག་ནི་གང
277b4 གིས་ཡོངས་སྨིན་བྱས། ། ཀྱེ་མའོ་སངས་རྒྱས་ཤཱག་ཐུབ་ཅེས།། སྐད་ཅིག་དེ་ལ་ང་ཡི་མིང་།། རྫོགས་སངས་རྒྱས་ཀྱིས་བརྗོད་པར་འགྱུར།། བྱམས་པ་ཡི་ནི་ཐད་དག་ནས།། སྲོག་ཆགས་བྱེ་བ་གྲངས་མེད་པས།། ང་ཡི་མིང་ནི་ཐོས་ནས་ཀྱང་།།
277b5 བྱང་ཆུབ་མཆོག་ཏུ་སྨོན་པར་བྱེད།། སྐད་ཅིག་དེ་ལ་སངས་རྒྱས་ལ།། དེ་བཞིན་གཤེགས་པ་བྱམས་པ་ཡང་།། འཛུམ་པ་དག་ནི་མཛད་འགྱུར་ཞིང་།། དེ་ནི་ཆོ་འཕྲུལ་བསམ་མི་ཁྱབ།། ཕྱི་མའི་དུས་ན་གང་ཁ་ཅིག། ཚུལ་འདི་དག་ནི་ཚོལ་བྱེད་པ།།
277b6 ཀུན་དགའ་དེ་ན་དེ་ཡི་ཚེ།། བྱམས་དང་ཕྲད་པར་ལུང་བསྟན་བྱ།། ཤཱཀྱ་སེང་གེ་དེ་ཡིས་ནི།། མདོ་འདི་བཤད་པ་དེ་མོད་ལ།། སྲོག་ཆགས་སྟོང་ཕྲག་བརྒྱད་བཅུ་གང་།། བྱང་ཆུབ་ལ་ནི་མངོན་པར་ཞུགས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང
277b7 ལྡན་པ་ལྡན་དགའ་བོ་ལ་བཀའ་སྩལ་པ། ། ཀུན་དགའ་བོ་དགེ་སློང་ཆེས་བཞི་དང་ལྡན་ན་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་དེ།། བཞི་གང་ཞེ་ན། ཀུན་དགའ་བོ་འདི་ལ་དགེ་སློང་ལྷག་པའི་ང་རྒྱལ་ཅན་ཡིན་ཏེ།། ལྷག་པའི་དརྒྱལ་ཅན་དེས
277b8 ལྷག་པའི་ང་རྒྱལ་མེད་པའི་ཆོས་ཐོས་ན། སྐྲག་ཅིང་དདང་ལ་རབ་ཏུ་དང་བར་འགྱུར་རོ།། གཡང་ས་ཆེན་པོར་ཡང་ལྟུང་བར་འགྱུར་རོ།། དེས་གཏིང་དཔག་མེད་པ་ཡང་སྤོང་བར་བྱེད་ཅིང་།། མི་མཐུན་པར་སྨྲལ་ཀུན་ནས་ཁྲོ་བར་བྱེད་དོ།། ཀུན




iiif viewer powered by OpenSeadragon

277a - 278a

Texts on this page

Q895 - de bzhin gshegs pa bgro ba zhes bya ba theg pa chen po'i mdo