e-texts navigator
Collection
Volume
Page
Wylie

195a1 ཆོས་ཐམས་ཅད་བདེན་པ་མེད་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ།། ཆོས་ཐམས་ཅད་ཚུལ་བཞིན་གྱི་ཆོས་སོ་ཞེས་སྐྲག་པར་མི་བྱའོ།། ཆོས་ཐམས་ཅད་ཚུལ་བཞིན་མེད་པའི་ཆོས་སོ།། ཞེས་སྐྲག་པར་མི་བྱའོ།། ཆོས
195a2 ཆོས་ཐམས་ཅད་བཏན་པའི་ཆོས་སོ་ཞེས་སྐྲག་པར་མི་བྱའོ། ། ཆོས་ཐམས་ཅད་མི་བརྟན་པའི་ཆོས་སོ་ཞེས་སྐྲག་པར་མིབྱའོ།། མི་ཕམ་པ་ངས་བྱང་ཆུབ་ཀྱི་སྙིང་པར་ཆོས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་ཡུམ
195a3 ཐམས་ཅད་མཁྱེན་ཀྱང་དམིགས་པས་མ་ཡིན་ནོ། ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀུན་དུ་མཁྱེན་ཀྱང་མངོན་པར་ཞེན་པས་འཇིག་རྟེན་ལ་ཆོས་མི་སྟོན་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་རྣམས་ཀྱི་སྣང་བ་ཐོབ་པར་བྱ་བ་དང་། གཟུངས
195a4 དང་ཆོས་ཀྱི་ཕྱག་རྒྱ་རྣམས་བསྐྱེད་པའི་ཕྱི་རིངས་དེ་བཞིན་ཉིད་རྣམ་པར་དཀྲུགས་པ་མེད། ཆོས་རྣམས་བསལ་བ་མ་བྱས། གཞག་པ་མ་བྱས་སོ།། མི་ཕམ་པདས་གླིང་བཞི་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འོག་ཡིན་གྱི་གནས་མན་ཆད་དུ
195a5 ཆོས་བསྟན་པའི་ཚེ་སེམས་ཅན་རྣམས་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་ཅག་ཁོ་ནལ་ཆོས་སྟོན་ཏོ་སྙམ་མོ། ། དེ་བཞིན་དུ་སྦྱར་ཏེ། གླིང་བཞི་པ་གཉིས་པ་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཆོས་བསྟན
195a6 པའི་ཚེ་སེམས་ཅན་རྣམས་འདི་སྙམ་དུ། དེ་བཞིན་གཤེགས་པ་ནི་བདག་ཅག་ཁོ་ན་ལ་ཆོས་བསྟན་ཏོ།། འདི་ན་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ།། འདིར་དེ་བཞིན་གཤེགས་པ་སྐྱེས་སོ།། འདིར་ཆོས་ཀྱི་འཁོར་ལོ་བསྐོར་རོ།། ཆོས་ཀྱི་འཁོར་ལོ་བསྐོར
195a7 ནས་ཆོས་སྟོན་ཏོ་སྙམ་མོ། ། མི་ཕམ་པ་འདི་ལ་ང་ནི་ཐབས་འདིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་སྡེ་དྲོའི་དུས་ཀྱི་ཚེའང་ཆོས་སྟོན་ཅིང་དེ་ལྟར་སངས་རྒྱས་ཀྱི་མཛད་པ་མཛད་དོ།། ཉི་མ་གུང་གི་དུས་ཀྱི་ཚེ་ཡང་དེ་ལྟར་སངས་རྒྱས་ཀྱི
195a8 མཛད་པ་མཛད་དོ། ། བྱི་དྲོའི་དུས་ཀྱི་ཚེ་ཡང་དེ་ལྟར་སངས་རྒྱས་ཀྱི་མཛད་པ་མཛད་དོ།། ཆོས་ཐམས་ཅདང། སེམས་ཅན་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྤྱན་ཐོགས་པ་མི་མངའ་བར་གཟིགས་པ་དང་།




iiif viewer powered by OpenSeadragon

194b - 195b

Texts on this page

Q893 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo