| | e-texts navigator
|
193a1 འཐག་པ་ལ་སྐྱོན་འའོགས་པ་ལྟ་ཅི་སྤོས་ཏེ། དེ་དག་ནི་ཆོས་སྨྲ་བའི་དགེ་སློང་ལ་བཀུར་བ་འདེབས་པ་ཡིན།། སངས་རྒྱས་ཀྱི་ཆོས་སྤོང་བ་ཡིན།། རློམ་སེམས་ཆེན་པོས་སྲུར་བ་འདེབས་པ་ཡིན་ཏེ། སེམས་ཅན་དམྱལ་བར་སྐྱེ་བ་དེ་དག་ལ་ནི་ལེགས་པར་བྱས་པ་ཞེས
193a2 དེ་མི་སྨྲའོ། ། དེ་ཅིའི་ཕྱིར་ཞེན། གང་དག་ཆོས་སྦབ་ལ་རྣམ་པར་སྤོད་པ་དེ་དག་ནི་སངས་རྒྱས་ལ་རྣམ་པར་སྨོད་པ་ཡིད། ཆོས་ལ་རྣམ་པར་སྨོད་པ་ཡིན་ནོ།། གང་དག་ཆོས་སྲབ་ལ་རིམ་མོ་མེད་པ་དེ་དག་ནི་སངས་རྒྱས་ལ་རིམ་གྲོ
193a3 མེད་པ་ཡིན་ནོ། ། གང་དགཅོས་སླབ་ལ་མི་སྙན་པར་བརྗོད་པ་དེ་དག་ནིས་ས་རྒྱས་མཐོང་བར་མི་འདོད་པ་ཡིན། སངས་རྒྱས་ལ་མིཡིན་པར་བརྗོད་པ་ཡིན་ནོ།། གང་དག་སེམས་དང་པོ་བསྐྱེད་པའི་བྱང་ཆུ་བ་སེམས་དཔའ་ལ་ཁོང་ཐོབའི་སེམས་བསྐྱེད་པ་དེ་དག་ནི་སངས་རྒྱས
193a4 ཡོངས་གཏང་བ་ཡིན་ཏེ་ཇི་སྙེད་དུ་འོང་ཁྲོབའི་སེམས་བསྐྱེད་པར་བྱེད་པ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་དམྱལ་བར་གནས་པར་གོམ་པ་གོས་སོ། ། ཇི་ཙམ་དུ་ཁོང་ཁྲོ་བའི་མིག་གིས་ལྟ་བ་དེ་སྲིད་དུ་ལོང་བའི་སྐྱེ་མཆེད་ཐོབ་པར་འགྱུར་རོ།། ཇི་ཙམ་དུ་མི་སྙན་པར་བརྗོད་པདེ་སྲིད་དུ་ལྕེའི།།
193a5 སྐྱེ་མཆེད་མེད་པ་ཐོབ་པར་འགྱུར་རོ།། མི་ཕམ་པ་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པའི་སེམས་བསྐྱེང་བས་བྱང་ཆུབ་སེམས་དཔའ་ང་ནི་སོང་དུ་འགྲོ་བར་ལོག་པར་ལྟུང་བར་འགྱུར་བའི་ཆོས་དེ་ལྟ་བུ་གཞན་ངས་མ་མཐོངངོ་།། མི་བམ་པ་སེམས་ཅན་གྱིའང་ཤེས
193a6 དང་ཆོས་ཀྱི་འདུ་ཤེས་ལ་གནས་པ་རྣམས་ལ་ནི་ལས་མངོན་པར་འདུ་བྱ་བ་ཡོད་དེ། མི་དམིགས་པ་ལ་ནི་མེད་དོ།། བྱང་ཆུབ་སེམས་དཔའ་གང་དག་ཆོས་ཐ་དད་ད་བྱེད་ཅིང་སྟོན་པ་དེ་དག་ནི་སྤྲོས་པ་ལ་གནས་པ་ཡིན་ནོ།། པི་བ་མ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ
193a7 ཏུ་ཕྱིན་པ་དྲུག་ཡང་དག་པར་བསླབ་པ་འདི་ནི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་ཡང་མི་བླུན་པོ་དེ་དག་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོན་ལ་བྱང་ཆུབ་སེམས་དཔ་ས་བསླབ་པར་བྱའོ།། ཞེས་ཟེར་ཞིང་ཕ་རོལ་ཏུ་ཕྱིན་པ་ལྷག
193a8 པ་རྣམས་ལ་སུན་འབྱིན་ཏོ། ། མི་ཕམ་པ་འདི་ཇི་སྙམ་དུ་སེམས།། ཀ་ཤི་ཀའི་རྒྱལ་པོ་གང་ཡིན་པས་མགོ། བྱིན་པར་གྱུར་པ་དེ་འཚལ་བའི་ཤེས་རབ་ཡིན་ན་པ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།།
iiif viewer powered by OpenSeadragon
192b - 193b