| | e-texts navigator
|
191b1 ལྔ་དང་ལྡན་པར་གྱུར་ཏོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བོད་པར་འོས་པར་གྱུར་ཏོ།། ཆོས་ཐམས་ཅད་ལ་ཡོངས་སུ་དག་པར་མོ་ང་གྱུར་ཏོ།། མི་ས་པ་དེའི་ཚེ་དེའི་དུས་ན་དགེ་སློང་འཐོབ་ཡོངས་སུ་དག་པ་ཞེས
191b2 བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་ཁྱེད་ཀྱིས་དེ་ལྟར་མི་ལྟ་སྟེ། དེ་བཞིན་གཤེགས་པ་འོད་དཔག་མེད་ཅེས་བྱ་བ་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བ་གྱུར་ཏོ།།
191b3 མིབ་མ་པ་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་གླ་ཤེས་བྱེ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟསྟེ། ང་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་ཤེས
191b4 བྱ་བར་གྱུར་ཏེ་དེ་ཉིད་ལས་དེ་ལྟ་བུའི་མི་ཚུལ་བ་བྱུང་ངོ་། ། མི་བ་མཔ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ནི་དེ་ལྟར་ཤེས་པར་དཀའ་སྟེ། ལས་དེའི་རྣམ་པར་སྨིན་པས་ང་སྙིགས་མ་ལྔའི་དུས་ན་བྱང་ཆུབ་མངོན་པར་རྫོགས་པར་སངས།
191b5 རྒྱས་སོ།། མི་བམ་པ་བྱང་ཆུབ་སེམས་དཔའ་གང་དག་གཉིས་སུ་འབྱེད་ཅིང་ཆོས་སྟོན་པ་དེ་དག་ནི་ལས་དེའི་རྣམ་པར་སྨིན་པས་དུས་ཀྱི་སྙིགས་མའི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་གིས་སངས
191b6 རྒྱས་ཀྱི་ཞིང་དེར་བྱང་ཆུབ་པར་བྱ་བ་དང་། ཆོས་བསྟན་པ་ལ་བདུད་དང་བར་ཆད་མང་པོ་འབྱུང་བར་འགྱུར་རོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་མཆི་མ་གླགས་ཏེ་ངུས་ནས་ཚིག་འདི་སྐད་ཅེས་དང་ཕན་ཅད་དགེ་སློང་ཆོས་ཀྱིས་ཇི
191b7 སྐད་སྨྲས་པ་ལྟར་སུ་ཡང་ཆོས་སྟོན་པར་མ་གྱུར་ཅིག་ཅེས་འཛེར་ཏོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དེར་འདུས་པ་དག་ཀྱང་སྟན་ལས་ལངས་ཏེ་ས་ལ་འཁོད་དོ།། ས་ལ་འཁོད་ནས་ཀྱང་ངུས་སོ།། དེ་ནས་བཅོམ
191b8 ལྡན་འདས་ཀྱིས་མཁྱེན་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དག་ཁྱོད་ཅིའི་ཕྱིར་ས་ལ་འཁོད་ཅིང་དུ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་ནི་ལས་ཀྱི་སྒྲིབ་པ་དེ་དང
iiif viewer powered by OpenSeadragon
191a - 192a