| | e-texts navigator
|
190b1 པ་འཇིག་རྟེན་དུ་བྱུང་ཏེ། དེས་ལོ་ཁྲག་ཁྲིག་ཕྲག་བརྒྱད་བཅུར་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ།། དེའི་གསུང་རབ་ལ་དགེ་སློང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བ།། ཆོས་སྨྲ་བ། གཏམ་སྣ་ཚོགས་སྨྲ་བ། སྐྱེ་བོ་མང
190b2 པོ་ལ་ཡང་དག་པར་སྟོན་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་འཛིན་དུ་འཇུག་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་གཟེང་སྟོང་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་དགའ་བར་བྱེད་པ་བྱུང་ནས་དེ་ལ་དེ་བཞིན་གཤེགས་པ་དྲི་མ་མེད་པོའི་འོད་འཕྲོ
190b3 ལས་བྱུང་བའི་གྲགས་པ་དེས་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་བསྡུ་བར་བཅོལ་ཏེ། དེས་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་དུ་ལོ་བྱེ་བར་དམ་པའི་ཆོས་ཀྱི་ཚུལ་བཟུང་སྟེ། དེ་རྣམ་པར་འཐག་པ་ཐམས
190b4 ཅང་བསྡུས་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཞུགས་ནས་ཆོས་སྟོན་ཏེ། མོས་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ།། དེས་གྲོང་ཁྱེར་སྟོང་ཕྲག་བརྒྱད་བཅུ་སྨོན་ལམ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་རབ་ཏུ་དག
190b5 བར་བྱས་ནས། དེ་གྲོང་ཁྱེར་ཆེན་པོ་བཟང་པོ་ཞེས་བྱ་བར་སོང་སྟེ། ཁྱིམ་བྱེ་བ་ཕྲག་བརྒྱད་བཅུ་ལ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ནས་གྲོང་ཁྱེར་དེ་ནས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བཅུ་རབ་དུ་དད་པར་བྱས་སོ།། དེའི་ནང་ནས
190b6 བྱེ་བ་ཕྲག་གཅིག་ནི་བྱང་ཆུབ་ལ་རབ་དུ་བཀོད་དོ། ། སེམས་ཅན་བྱེ་བ་བྲག་བདུན་བཅུ་རྩ་དགུ་ནི་ཉན་ཐོས་ཀྱི་ཐེག་པ་ལ་རབ་ཏུ་བཀོད་དེ་བཏུལ་ཏོ།། དེ་ནས་དགེ་སློང་འཚོ་བ་ཡོངས་སུ་དག་པ་དེ་དགེ་སློང་ཁྲི་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སྙིང
190b7 པོ་ག་ལ་བ་དེར་ཡུལ་རྒྱུ་ཞིང་སོང་ངོ་། ། མི་ཕམ་པ་དགེ་སློང་འཚོ་བ་ཡོངས་སུ་དག་པ་སོར་ནས་རིང་པོ་མ་ལོན་པར་གྲོང་ཁྱེར་ཆེན་པོ་བཟང་པོ་དེར་དགེ་སློང་ཆོས་ཤེས་བྱ་བ་ཕྱིན་ཏེ། དེས་རྣམ་པར་འཐག་པའི་མདོ་སྟོང་བཟུང་ངོ་།། བསམ་གཏན
190b8 བཞི་ཡང་ཐོབ་པར་གྱུར་ཏོ། ། དགེ་སློང་འཚོ་བ་ཡོངས་སུ་དག་པས་ནི་མདོ་སྡེ་བྱེ་བ་ཕྲག་བཅུ་དང་། རྣམ་པར་འཐག་པའི་མདོ་དྲུག་ཁྲི་བཟུང་བར་གྱུར་ཏོ།། དེ་ནས་དགེ་སློང་ཆོས་དེས་གྲོང་ཁྱེར་ཆེན་པོ་བཟང་པོ་དང་ཚུལ་ཅིག་གིས་ཆོས་བསྟན།
iiif viewer powered by OpenSeadragon
190a - 191a