| | e-texts navigator
|
189b1 པ་ལ་རབ་ཏུ་བྱུང་ནས་ཕྱོགས་གཅིག་ལ་སྤྱོད་པ། གཉེན་ལ་གདུབ་རྙེད་པ་དང་། བཀུར་སྟིལ་ཆགས་པ། ཁྱིམ་ལ་སེར་སྣ་བྱེད་པ། ཁྱིམ་སུན་པར་བྱེད་པ། མདོག་ངན་པ། དམན་པ་ལ་མོས་པ། བཀའ་བློ་མ་ཐང
189b2 བ། མ་གྲགས་པ། རིགས་དམའ་བ། ཡོ་བྱད་ལ་ཡོངས་སུ་ཆགས་པ། ཆོས་ལ་བདེ་བར་གནས་པའི་ཟས་ཐམས་ཅད་དང་བྲལ་བ། ཏིང་ངེ་འཛིན་གྱི་ཟས་ལས་ཤིན་དུ་རིང་ཞིང་རྣམ་པར་རིང་བ། སྒྱུ་དང་། གཡོལ
189b3 གནས་པ་དག་གཞན་དུ་སྨྲ་ཞིང་གཞན་དུ་བྱེད་དེ། དེ་དག་མི་ཤེས་བཞིན་དུ་ངེད་ནི་ཤེས་པ་དང་ལྡན་ནོ།། ཞེས་ཟེར་མི་མཁས་བཞིན་དུ་ངེད་ནི་མཁས་སོ་ཞེས་ཟེར་ཏེ། ངས་སེམས་ཅན་ཐམས་ཅད་ལ་སེམས
189b4 མཉམ་པ་ལ་གནས་ནས་ཐུགས་རྗེ་ཆེན་པོ་དང་ཐབས་ལ་མཁས་པས་དེ་བཞིན་གཤེགས་པའི་སྟོབས་པ་སྙེལ་བ་མི་མངའ་བ་ལ་གནས་ཏེ། མོས་པ་ལ་བཟུང་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་བསྟན་པ
189b5 གང་ཡིན་པ་དེ་ལ། དེ་དག་ཁ་ཅིག་འདི་སྐད་དུ་གང་ཉན་ཐོས་རྣམས་ལ་གསུངས་པའི་མདོ་སྡེ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མི་བྱའོ།། དེ་དག་མཉན་པར་མི་བྱའོ།། དེ་ནི་བདག་ཅག་གི
189b6 ཆོས་མ་ཡིན་ཏེ། འདི་ནི་ཉན་ཐོས་དང་ལྡན་པ་ལ་ཡིན་གྱིས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མི་བྱའོ།། གང་རང་སངས་རྒྱས་རྣམས་ལ་གསུངས་པའི་མདོ་སྡེ་དེ་དག་ལ་བྱང་ཆུབ
189b7 སེམས་དཔའ་རྣམས་ཀྱིས་བསླབ་པར་ནི་མི་བྱའོ། ། དེ་དག་མཉན་པར་མི་བྱའོ།། དེ་ནི་བདག་ཅག་གི་ཆོས་མ་ཡིན་ཏེ། འདི་ནི་རང་སངས་རྒྱས་དང་ལྡན་པར་ཡིན་གྱིས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར
189b8 མི་བྱའོ། ། ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ།། མི་ཕམ་པ་ངས་ནི་ལྷ་རྣམས་ལ་ཆོས་བསྟན་ཏེ། ངས་མོས་པ་ཇི་ལྟ་བ་བཞིན་དུ་བཏུལ་ཏོ།། དེ་བཞིན་རུངས་ནི་ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་།
iiif viewer powered by OpenSeadragon
189a - 190a