e-texts navigator
Collection
Volume
Page
Wylie

189a1 ནའདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཅན་པ་བྱམས་པ་ལབས་ཏེ་འདིས་ཅེས་བཀའཕྲུལ་ཏེ། ། ས་པམ་པ་གང་གཟུ་པ་དེ་བཞིན། ཤེགས་པ་བླན་མེདཔ་ཡང་དག་པར་རྫོགས་པའི་བྱང་ཆུ
189a2 མངོན་པར་རྫོགས་པར་སངས་རྒྱས་པ་དང་། བྱམས་པ་གང་གིས་ནུབ་མོ་དེ་བཞིན་གཤེགས་པ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་བར་དུ་དེ་བཞིན་གཤེགས་ལ་འཕྲུལ
189a3 འམ། ཅ་ཅོའམ། བསྙེལ་པ་འམ། གསུང་གིས་ཉེས་པར་གསུངས་པ་འམ། ཉེས་པར་དགོངས་པ་འམ། པྲ་ནི་ལས་ཉེས་པར་མཛད་པ་ཅི་ཡང་ཡོད་དམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ
189a4 པ། ། མི་ཕམ་པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་དེ་བཞིན་གཤེགས་པ་ལེན་པ་མེད་པར་ཡོངས་སུ་མྱ
189a5 ངན་ལས་འདས་པར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པ་གང་ཅི་གསུངས་པ་དེ་དག་ཐམས་ཅད་ནི་ཡང་དག་པ་དེ་ཁོ་ན། དེ་བཞིན་མ་ནོར་བ་དེ་བཞིན་ཏེ། གཞན་དུ་མ་ཡིན་ནོ།། འདི་ལ་མི་བླུན་པོ་ཁ་ཅིག་དེ་བཞིན
189a6 གཤེགས་པའི་ཐབས་ལ་མཁས་པ་མི་ཤེས་ཤིང་ཁོང་དུ་མ་ཆུད་པ་ར་ངའི་ལྡེམ་པོ་དག་ལ་འདི་སྐད་དུ། འདི་ནི་རུང་ངོ་།། འདི་ནི་མི་རུང་ངོ་ཞེས་ཟེར་ཏེ། དེ་ལྟ་བུ་དེ་དག་ནི་དམ་པའི་ཆོས་སྤོང་བ་ཡིན། དེ་དག་ནི་དེ་བཞིན
189a7 གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ཏེ། རྒྱུ་དེས་ན་དེ་དག་ནི་སེམས་ཅན་དམྱལ་བ་པ་ཞེས་ང་འཆད་དོ།། མི་ཕམ་པ་མ་འོངས་པའི་དུས་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་དང་། དགེ་སློང
189a8 མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བྱང་ཆུབ་སེམས་དཔར་ཁས་འཆེ་བ། སྔོན་མུ་སྟེགས་ཅན་དུ་གྱུར་པ། སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་བསྟན་པ་ལེགས་པར་གསུངས་པའི་ཆོས་འདུལ




iiif viewer powered by OpenSeadragon

188b - 189b

Texts on this page

Q893 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo