| | e-texts navigator
|
187b1 གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་བུ་དབང་ཕྱུག་རྣམས་དང་། དབང་ཕྱུག་ཆེན་པོ་རྣམས་དང་། ལྷའི་དབང་པོ་རྣམས་དང་། ཀླུའི་དབང་པོ་རྣམས་དང་། གནོད་སྦྱིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་གྱི་དབང
187b2 པོ་རྣམས་དང་། ནམ་མཁའ་ལྡིང་གདབང་པོ་རྣམས་དང་། མིའིམཅིའི་དབང་པོ་རྣམས་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཇི་སྙེད་པ་དེ་དག་ཐམས་ཅད་གཡོག་འཁོར་བྱེ་བ་བརྒྱ་སྟོང་ཕྲག་དུམ་དང་། བཅོམ་ལྡན་འདས་ག་ལ་བ་དེར་།
187b3 དོདོ་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་དུ་འཁོད་པར་འགྱུར་ཏོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང
187b4 གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་ཆེ་བ། དབང་ཆེ་བར་གྲགས་པ་ཇི་སྙེད་པ་དེ་དག་ཀྱང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག
187b5 འཚལ་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་དུ་འཁོད་པར་གྱུར་ཏོ།། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པའི་རྩེ་མོ་མན་ཆད། ལྷ་དང་ཀླུ་དང་། གནོད་སྦྱིན་དང
187b6 དྲིཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དབང་ཆེ་བ་དང་། དབང་ཆེར་གྲགས་པ་དག་གིས་གང་བར་མ་གྱུར་པ་ནི་ཐན་ཁར་བའི་རྩེ་མོ་གཟུགས་པའི་ཕྱོགས་ཙམ་ཡང་མེད་དོ།། དེ་ནས་བཅོམ
187b7 ལྡན་འདས་དགོངས་ཤིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བཞེངས་ནས་ཀྱང་འཁོར་ལ་ལན་གསུམ་གཟིགས་སོ།། འཁོར་ལ་གཟིགས་ནས་ཀྱང་སེང་གེའི་བསྒྱིངས་པ་ཆེན་པོ་ལན་གསུམ་མཛད་དོ།། བསྒྱིངས
187b8 ནས་ཀྱང་ལྗགས་ཀྱི་དབང་པོ་ལན་གསུམ་ཕྱུང་ངོ་། ། ལྗགས་ཀྱི་དབང་པོ་ལན་གསུམ་ཕྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྗགས་ཀྱི་དབང་པོས་ལན་གསུམ་ཁྱབ་པར་མཛད་དོ།། སྟོང་གསུམ་གྱི
iiif viewer powered by OpenSeadragon
187a - 188a