e-texts navigator
Collection
Volume
Page
Wylie

184b1 ལྷའི་མེ་ཏོག་དང་། ལྷའི་ཕྲེང་བ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པ་བྱས་ལ། དེ་ནས་སྐྱེས་བུ་དེ་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་པས་གང་རྒྱ་མཚོ་ཆེན་པོ་བན
184b2 ཆུང་དག་འདིགི་སྦྱིན། ཀྱི་ཁམས་གཞན་དག་བྱ། མརྦག་ཎྜཱིལ་མ་ཀྱིས་རྒྱ་མཚཆེན་པོ་བཞི་ལྟར་བཀང་བའི་ནང་དུ་སྦྱི་པར་རབཅས་བཙུགས་ལ། བསྐུལ་པ་མང་པོའི་མཐའི་ཇི་སྲིད་པར་མང་མེ་སྦྱིན་མ
184b3 པར་བྱས་ན། ཤཱ་རིའི་བྲ་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དག་ནི་དེ་ལས་བསོད་ནམས་མང་དུ་སོགས་སྙམ་འམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལག་སོ།། ཉན་ཐོས་དང་། རང
184b4 སངས་རྒྱས་ཐམས་ཅད་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ལོ།། བདེ་བར་གཤེགས་པ་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ལོ།། བཀའ་སྩལ་པ། ཤཱ་རཱིའི་བུ་རིགས་ཀྱི་བུའམ།
184b5 རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་དང་། བརྒྱ་སྟོང་གི་ཆ
184b6 གྲངས་དང་། རྒྱུ་དང་། བགྲང་བར་ཡང་ཉེ་བར་མི་འགྲོའོ།། དེ་ནས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས། རབ་དུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ་རབ
184b7 ཏྲ་འགུལ་ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག། ཀུན་དུ་རབ་ཏུ་ལྡེག་གོ།། དེའི་ཚེ་དེར་གློག་གི་རྒྱུན་ཆེན་པོ་བྱུང་ངོ་།། ལྷ་རྣམས་ཀྱིས་ཀྱང་རྔ་སྒྲ་བསྒྲགས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད
184b8 ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་སྒོ་མཐའ་ཡས




iiif viewer powered by OpenSeadragon

184a - 185a

Texts on this page

Q891 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo