e-texts navigator
Collection
Volume
Page
Wylie

184a1 པའི་དོན་དེ་ཞུ་བར་བྱའོ་སྙམ་དུ་སེམས་སོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཕྱེ་མ་རེད་ཀྱི་དྲིས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་སྟེ། བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་བྱན་ནས། བཅོམ་ལྡན་འདས་ཀྱི་ནབས་ལ་མགོ་ཟས
184a2 ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་གཅིག་པུ་དབེན་པར་མཆིས་སྟེ། ནང་དུ་ཡང་དག་འཇོག
184a3 ལ་མཆིས་པ་ན་སེམས་ཀྱིས་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས་པའི་གང་ཟག
184a4 དེའི་བསོད་ནམས་ཇི་སྙེད་ཅིག་སོགས་པར་འགྱུར་སྙམ་བགྱིད་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང
184a5 སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚིགས་ཕལ་པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུས་པ་ལེགས་སོ་ལེགས་སོ།། གང་ཁྱོད་དེ་བཞིན་གཤེགས་པའི་སྤྱན་སྔར་འོངས་ཏེ། དོན་ང
184a6 ཡོངས་སུ་ཞུ་བར་སེམས་དཔའ་དེ་ནི་ཤཱ་རིའི་བུ་དོན་དེ་ཉིད་རྣམ་པར་ཤེས་པར་བྱ་བའི་ཕྱིར་དཔེས་བསྟན་པར་བྱ་སྟེ། སྐྱེས་བུ་གང་ཟག་འགའ་ཞེན་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་པས་གང་འདི་འཛམ་བུའི་གླིང་དང་ཉེ་བའི
184a7 གླིང་ཞེང་དང་སྲིད་དུ་དཔག་ཚད་བདུན་སྟོང་ཡོད་པའི་འཛམ་བུའི་གླིང་དེ་ན་གང་སྲོག་ཆགས་གནས་པ་དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་བཀོད་དེ། ག་མཐིལ་ལྟར་མཉམ་པར་བྱས་པ་རིན་པོ་ཆེ་སྣ་བདུན་ལ་འདི་ལྟ་སྟེ། གསེར
184a8 དངུལ་དང་། བཻ་དཱུརྱ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། སྤུག་རྣམས་ལ་འཛམ་བུའི་གླིང་ཙམ་གྱི་མཆོད་རྟེན་སྲིད་དུ་ཚངས་པའི་འཇིག་རྟེན་གྱི་བར་ལ་ཐུག་པར་བརྩིགས་ཏེ། མཆོད་རྟེན་དེ་ལ་ལྷའི་སྤོས་དང་།




iiif viewer powered by OpenSeadragon

183b - 184b

Texts on this page

Q891 - 'phags pa gsum la skyabs su 'gro ba zhes bya ba theg pa chen po'i mdo