e-texts navigator
Collection
Volume
Page
Wylie

183a1 འདས་ཀྱི་སྤྱི་གཙུག་ཏུ་ནུབ་པར་གྱུར་ཏོ། ། དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷར
183a2 ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར
183a3 འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་ཆུ་ནི་གང་ལགས། རྐྱེན་ནི་གང་ལགས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།
183a4 ཀུན་དགའ་བོ་འཁོར་འདིའི་ནིང་ནས་དགེ་སློང་མངོན་པའི་ང་རྒྱལ་ཅན་དུ་གྱུར་པ་ཉིས་བརྒྱ་པོ་དེ་དག་གིས་མངོན་པའི་ང་རྒྱལ་མེད་པའི་ཆོས་འདི་ཐོས་ནས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། བྱང་ཆུབ
183a5 སེམས་དཔའ་ལྷག་པའི་བསམ་པ་བརྟན་པས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་འདི་ནི་བསྐལ་པ་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
183a6 ཆུབ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་རིན་པོ་ཆེ་ཐམས་ཅད་ཀུན་དུ་སྣང་བ་ལ། འཇིག་རྟེན་གྱི་ཁམས་མེ་ཏོག་ཐམས་ཅད་ཀྱིས་རྣམ་པར་བཀྲ་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
183a7 པའི་སངས་རྒྱས་རིན་པོ་ཆེའི་པད་མཱི་དཔལ་གྱི་སྙིང་པོ་ཅན་ཞེས་བྱ་བར་འགྱུར་རོ། ། དེའི་སངས་རྒྱས་ཀྱི་ཞིང་ཡང་ཡོན་ཏན་བཀོད་པ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་ཡང་བྱང་ཆུབ་སེམས་དཔའ་འབའ
183a8 ཤིག་གིས་ཡོངས་སུ་གང་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་ཆེཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཙཅི་ལེགས།། འདི་ཇི་ལྟར་གཟུང་བར་བགྱི།། བཅོམ




iiif viewer powered by OpenSeadragon

182b - 183b

Texts on this page

Q890 - 'phags pa lhag pa'i bsam pa brtan pa'i le'u zhes bya ba theg pa chen po'i mdo