e-texts navigator
Collection
Volume
Page
Wylie

181b1 དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་འམ། ཀུན་ཆུབ་པར་བགྱིད་པ་འམ། མོས་པར་བགྱིད་པ་དེ་དག་ནི་མང་དུ་ཐོས་པའི་མཆོག་ཏུ་བསྟན་པར་བགྱི་བ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ
181b2 གྲངས་འདི་ནི་ཐོས་པ་ཐམས་ཅད་དང་ལྡན་པ་ལགས་པའི་སླད་དུའོ། ། དེ་ལྟར་ཉན་ཐོས་ཆེ་ན་པོ་དེ་དག་ཐམས་ཅད་ཀྱིས་རང་རང་གི་མཆོག་བརྗོད་པ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་མངོན་པར་བསྟོད་དོ།། དེ་ནས་བཅོམ་ལྡན་འདས
181b3 ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་བསྩལ་པ། ཀུན་དགའ་བ་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་ཐམས་ཅད་བསལ་བ་མེད་ཅིང་གཞག་པ་མེད་པ་ལ་གནས་པས་སངས་རྒྱས་ཀྱི་བྱང་ཆུབ་འདི་བདག་ཉིད་ཀྱིས་ཡང་དག་པར་སྟོན་ཅིང་།
181b4 ཆོས་གང་ཡང་དོར་དུ་མེད་པ་དང་། ཐོབ་པར་བྱར་མེད་པར་ཆོས་སྟོན་ཅིག། ཡོངས་སུ་ཤེས་པར་བྱར་མེད་པ་དང་། སྤང་དུ་མེད་པ་དང་། བསྒོམ་དུ་མེད་པ་དང་། མངོན་སུམ་དུ་བྱར་མེད་པ་དང་། མངོན་པར་རྟོགས་པར་བྱར
181b5 མེད་པ་དང་། འཁོར་བ་ལས་བསྐྱོད་དུ་མེད་པ་དང་། མྱ་ངན་ལས་འདས་པར་འགྲོར་མེད་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱར་མེད་པ་དང་། ལན་ཅིག་ཕྱིར་འོང་བར་འགྱུར་བ་དང་། ཕྱིར་མི་འོང་བར་འགྱུར་བ
181b6 དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱར་མེད་པར་ཆོས་སྟོན་ཅིག། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ཆོས་ཡིན
181b7 ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཕྱིར་རོ།། ཀུན་དགའ་བོ་དེ་ལྟ་བས་ན། ཁྱོད་ཀྱི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ལས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་བཟླར་མེད་པ་དང་། སངས་རྒྱས་ཀྱི་ཆོས
181b8 རྣམས་ཐོབ་པར་བྱར་མེད་པར་ཆོས་སྟོན་ཅིག། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ཡིན་ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཕྱིར་རོ།། ཀུན་དགའ་བོ་གཞན་ཡང་ཁྱོད་ཀྱིས་རྣལ་འབྱོར




iiif viewer powered by OpenSeadragon

181a - 182a

Texts on this page

Q890 - 'phags pa lhag pa'i bsam pa brtan pa'i le'u zhes bya ba theg pa chen po'i mdo