e-texts navigator
Collection
Volume
Page
Wylie

180b1 མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་འམ། ཀུན་ཆུབ་པར་བགྱིད་པ་འམ། མོས་པར་བགྱིད་པ་དེ
180b2 དག་ནི་ཤེས་རབ་དང་ལྡན་པའི་མཆོག་དུ་བསྟན་པར་བགྱིད་པ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་མི་ཤེས་པ་ཐམས་ཅད་སེལ་བ་དང་། ཤེས་པ་ཐམས་ཅད་དང་ལྡན་པའི་སླད་དུའོ།། དེ
180b3 ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་འམ། ཀུན་ཆུབ་པ་ར་བགྱིད་པ་འམ།
180b4 མོས་པར་བགྱིད་པ་དེ་དག་ནི་རྫུ་འཕྲུལ་དང་ལྡན་པ་མཆོག་ཏུ་བསྟན་པར་བགྱི་བ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མིག་གི་རྣམ་པར་ཤེས་པར་བགྱི་བ་གང་ལགས་པ་དེ་ནི་རྫུ་འཕྲུལ་མ་ལགས་ཀྱི། བཅོམ་ལྡན
180b5 འདས་གང་མིག་གི་རྣམ་པར་ཤེས་པར་བགྱི་བའི་ཆོས་ཐམས་ཅད་ལ་སེ་གོལ་བཏོགས་པ་ཙམ་ཡང་མོས་པར་མི་བགྱིད་པ་དེ་ན་རྫུ་འཕྲུལ་གྱི་མཆོག་ལགས་པའི་སླད་དུའོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ནམ་གྲུས་འདི་སྐད་ཅེས
180b6 གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀུན་ཆུབ་པར་བགྱིད་པ་འམ། མོས་པར་བགྱིད་པ་དེ་དག་ནི་བསམ་གཏན་པའི་མཆོག་དུ་བསྟན་པར་བགྱི་བ་ལགས་སོ།།
180b7 ད་ཅིའི་གླིང་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཉོན་མོངས་པ་ཐམས་ཅད་ངེས་པར་སྲེག་པ་ལགས་པའི་སླད་དུའོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས
180b8 གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་འམ།། ཀུན་ཆུབ་པར་བགྱིད་པ་འམ། མོས་པར་བགྱིད་པ་དེ་དག་ནི་ཉོན་མོངས་པ་མ་མཆིས་པར་གནས་པའི་མཆོག




iiif viewer powered by OpenSeadragon

180a - 181a

Texts on this page

Q890 - 'phags pa lhag pa'i bsam pa brtan pa'i le'u zhes bya ba theg pa chen po'i mdo