e-texts navigator
Collection
Volume
Page
Wylie

179b1 གྱུར་ན་ཆོས་ཀྱི་དབྱིངས་ལས་གཡོ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་འདུ་ཤེས་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་མི་གཡོ་བའི་དོན་གྱིས་ཆོས་ཐམམས་ཅད་ཀྱི་འདུ་ཤེས་ཉིད་ཀྱིས་ཆོས་ཀྱི་བྱིངས་ཡིན
179b2 པའི་ཕྱིར་རོ། ། ངས་དེ་ལས་དགོངས་ནས་ཚིག་འདི་སྐད་དུ་ལོག་པར་ལྟ་བ། ལོག་པར་ལྟ་བ་ཡིན་པར་མཐོང་ན། དེ་དེའི་ཡང་དག་པར་ལྟ་བ་ཡིན་ནོ།། ཞེས་གསུངས་སོ།། བསལ་བ་མེད་པ་དང་། གཞག་པ་མེད་པའི་ཚུལ་གྱིས་ལོག
179b3 པར་ལྟ་བ་ལས་ཀྱང་མི་གཡོལ། ལོག་པར་ལྟ་བ་མེད་པར་གྱུར་པ་ལས་གུད་ན་ཡང་། ཡང་དག་པར་ལྟ་བ་མེད་དེ། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཕྱིར། ལོག་པར་ལྟ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ལ་ཉིད་ཡང་དག
179b4 པར་ལྟ་བ་ཡིན་གྱི་གཉིས་སུ་འདུ་ཤེས་པ་ལ་ནི་ཡང་དག་པར་ལྟ་བ་མེད་དོ། ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མིལ་ལ་ཞིག་ནུབ་མོ་མུན་པ་མུན་ནག་གི་ནང་ན་ལམ་དུ་ཞུགས་ཏེ། དེས་འབྲོག་ཁོང་ཁོང་ཞིག་དུ་ཤིང་ལྗོན་པ་ཕལ་པོ་ཆེ
179b5 སུག་པོ་མཐོང་ལ། དེས་དེར་ཤིང་ཞིག་གི་དྲུང་ན་ཆོམ་རྐུན་ཡོད་པའི་འདུ་ཤེས་བསྐྱེད་ནས་སྐྲག་སྟེ། ལམ་དེར་མ་སོང་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཅི་མི་དེ་སྣང་བ་ཡང་མཐུང་། ཤིང་དེ་ཡང་མངོན་སུམ་དུ་མ
179b6 བྱས་པར་ཤིང་སྟུག་པོ་དེ་ལས་འཕགས་པ་འམ། ཆོམ་རྐུན་གྱི་འཇིགས་པ་མེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ཇི་སྙམ་དུ
179b7 སེམས། ཙི་བི་སྣང་བ་ཡང་ཡོད་འི་ཤིང་བང་ཡོན་སུམ་དུ་བྱས་ན་ཤིང་སྟུག་པོ་དེ་ལས་འཕགས་པ་འམ། ཆོམ་རྐུན་གྱི་འཇིགས་པ་མེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།། དེ་ཅིའི་སླད
179b8 ཞེན། བཅོམ་ལྡན་འདས་འདི་ལྟར་མི་དེས་འཇིགས་པ་མ་མཆིས་པ་ལ་འཇིགས་པའི་འདུ་ཤེས་བསྐྱེད་ཅིང་། ཡང་དག་པ་མ་ལགས་པ་ཀུན་བརྟགས་པའི་སླད་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི




iiif viewer powered by OpenSeadragon

179a - 180a

Texts on this page

Q890 - 'phags pa lhag pa'i bsam pa brtan pa'i le'u zhes bya ba theg pa chen po'i mdo