| | e-texts navigator
|
310b1 སྔགས་ཅན་གྱི་ནང་དུ་སྟུ་ཏཱི། བྱང་ཆུབ་ཀྱི་བ་ཉིདན་དང་།། ། དེ་མངོན་ཕུང་པོ་ལྔའི་ནང་ནས་ཤ་བའ་འོག་ཏུ་གཟུགས་ཡོད་དོ་ཞེས་སྦྱིན་ཅི་ལོག་ཏུ་གཞུང་འཇུགས་པའི་མ་སྔགས་ཅན་དྲུག་པའོ།།
310b2 ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས་ཡང་དག་པའི་ཉིད་ལ་རྩ་གཅིག་ཏུ་བར་ཆད་མེད་ནི་བདུད་ཀྱི་སེམས་ཐག་ཆད་དོ།། སྐྱེ་བའི་རིགས་ཀྱི་རྩ་བ་ཟད་དེ། ཟབ་མོ་དང་བདེ་བ་ལ་བཏགས་ན་ཉོན་མོངས་པ
310b3 རྟག་པར་འཁྲུག་པའི་གཞི་ལ་རྒྱུ་མ་ཟད་དེ། རྟོག་པ་སྐྱེས་ནས། མི་དེ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་སྔ་མ་སེལ་ཅིང་། འགོག་པ་ལས་རྟོག་པ་སྐྱེས་ཏེ། ཤི་བའི་འོག་ཏུ་འདུ་ཤེས་མེད་དོ།།
310b4 ཞེས་ཕྱིན་ཅི་ལོག་གིས་སེམས་སྐྱེས་ནས་གཟུགས་ནི་མེད་པར་མཐོང་སྟེ། ཁ་དོག་ནི་ཆུ་མེད་པར་རྟོག་གོ།། བཏགས་ན་འདུ་ཤེས་བཀག་སྟེ། སེམས་ཅན་སེམས་ཆགས་པ་མེད་ཅིང་ཚོར་བ་བཀག་པ་ཤས་ན་ཕྱི་མའི་འབྲེལ
310b5 བ་མེད་དེ། ཕུང་པོའི་རང་བཞིན་ཞོ་ཞིང་བྲལ་ལོ།། སྐྱེ་བ་ཡོད་དུ་ཟིན་ཀྱང་ཚོར་བའི་འདུ་ཤེས་མེད་དེ། རྩཝ་ཤིང་དང་འདྲའོ།། འདི་ལྟར་མངོན་སུམ་དུ་བར་ཆད་དེ་ཐོབ་པ་མེད་ན། ཤི་བའི་འོག་ཏུ་ལྟ་ག་ལ་འོང་ཞེས
310b6 བརྟགས་ན་དེ་ལྟ་བུའི་མིང་བས་ན་ཤཱ་བའི་འོག་ཏུ་གཟུགས་མེད་དེ། འདི་འདྲ་བའི་འཁོར་བའི་ཕྱིར་གཟུགས་མེད་པའི་བརྒྱད་ནི་ཡོད་དེ་སྙམ་མོ།། མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཐམས་ཅད་ནི་སྟོང
310b7 པའོ་ཞེས་དེ་ལྟ་བུར་དམིགས་ན། མི་ཡར་གྱི་ནང་ཟད་ཀྱི། ཡེ་ནས་ཆད་ཅིང་ཐོགས་པའོ་ཞེས་དེ་ལྟར་ཡང་རྟོག་པའི་ཕྱིར་ཤི་བའི་འོག་དུ་མེད་དོ་ཞེས་ནས་མུ་སྟེགས་ཀྱི་ནང་དུ་ཀཱང་སྟེ། བྱང་ཆུབ་ཀྱི
310b8 ཉིད་ནི་ནོར་ཏེ། ། དེའི་མང་ནི་ལྔ་ཕུང་གི་ནང་ནས་ཤི་བའི་འོག་ཏུ་གཟུགས་མེད་དོ་ཞེས་ཕྱིན་ཅི་ལོག་ཏུ་གཞུད་འཛུགས་པའི་མུ་སྟེགས་ཅན་བདུན་པའོ།། ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས
iiif viewer powered by OpenSeadragon
310a - 311a