| | e-texts navigator
|
280b1 མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ་དག་གིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ནས་བྱང་ཆུབ་སེམས་དཔའི་ལུས་རྒྱ་མཚོ་སྤྲིན་རྣམས
280b2 ཀྱིས་ཇི་ལྟ་བ་དེ་བཞིན་དུ་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དང་། འོད་ཟེར་སྟུག་པོ་དང་། ཉི་མ་དང་ཟླ་བ་ཐམས་ཅད་ལྟ་བུའི་ལུས་ཀྱི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཕྲེང
280b3 བ་དང་། མེ་ཏོག་གི་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་སྣང་བ་ཆེན་པོའི་སྙིང་པོ་ཁང་པ་བརྩེགས་པ་རྒྱ་མཚོའི་སྤྲིན་རྣམས་དང་། ཕྱེ་མ་དང་ཤིང་ལྗོན་པ་ཐམས་ཅད་ཀྱི་མཛོད་རྒྱ་མཚོ་སྤྲིན་རྣམས
280b4 དང་། སྤོས་དང་། བདུག་པ་ཐམས་ཅད་ཀྱི་གཟུགས་ཀུན་དུ་སྟོན་པ་རྒྱ་མཚོ་སྤྲིན་རྣམས་དང་། སྒྲ་ཐམས་ཅད་སྒྲོགས་པའི་རོལ་མོའི་སྒྲ་རྒྱ་མཚོ་སྤྲིན་རྣམས་དང་། བློས་ཐམས་ཅད་ཀྱི་ཤིན་ལྗོན་པ་རྒྱ་མཚོ་སྤྲིན་རྣམས
280b5 ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ནས་དེ་ལ་སོགས་པ་མཆོད་པ་ཐམས་ཅད་ཀྱི་སྤྲིན་རྒྱ་མཚོ་དཔག་ཏུ་མེད། གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད། ཚད་མེད། བརྗོད་དུ།
280b6 མེད་པ། མ་འདྲེས་པ། རྣམས་ཀྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་སྟི་སྟང་དུ་བྱའོ།། བླ་མར་བྱའོ།། རི་མོར་བྱའོ་མཆོད་པར་བྱའོ།། ཡུལ་ཐམས་ཅད་དུ་བཀོད་པ་རྣམ་པར
280b7 སྣང་བར་བྱས་པའི་སྙིང་པོ་ཅན་གྱི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྨིན་རྣམས་ཀྱིས་ནམ་མཐའི་དཀྱིས་ཀུན་དུ་ཁེབས་པོར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལནི
280b8 སྙིད་དུ་བྱའོ། ། བླ་མར་བྱའོ།། རི་མོར་བྱའོ།། མཆོད་པར་བྱའོ།། ཐམས་ཅད་ཀུན་དུ་སྣང་བའི་རིན་པོ་ཆེ་འཆར་འབབ་པ་བཀོད་པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་རིན་པོ་ཆེ་ཐམས་ཅད་ཀྱི་འོད་འགྲོ
iiif viewer powered by OpenSeadragon
280a - 281a