e-texts navigator
Collection
Volume
Page
Wylie

278b1 དེབཞིན་གཤེགས་པའི་མཚན་རྣམས་ལན་ལྔ་བཅུའི་བར་དུ་བརྗོད་ལ་མཆོད་པ་ཆེན་པོ་བྱས་ཏེ། ཞག་བདུན་གྱི་བར་དུ་རྒྱུན་མེ་ཆང་བར་བྱས་ན་ཆར་བབ་པར་འགྱུར་རོ།། །། འཕགས་པ་སྤྲིན་ཆེན་པོ་རླུང་གི
278b2 དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་ལེན་དྲ་པོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ།། བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན
278b3 ལ་ཕབ་པ། ། ། 6།། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མེ་གྷ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག
278b4 ན་བཅོམ་ལྡན་འདས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོའི་གནས་ན་ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོའི་སྤྲིན་གྱི་དཀྱིལ་འཁོར་ཆེན་པོའི་ཁང་པ་བརྩེགས་པ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས
278b5 དཔའི་དགེ་འདུན་ཆེན་པོ་དང་། ཀླུའི་རྒྱལ་པོའི་ཚོགས་ཆེན་པོ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོད། ཉེ་དགའ་དང་། རྒྱ་མཚོ་དང་། མ་དྲོས་པ་དང་། གཟི་ཅན་དང་། ཆུ་ལྷ་དང་། འཇོག་པོ་དང་ཡུལ་འཁོར་སྲུང་དང་གནོས་རྒྱས་ཀྱི
278b6 བུ་དང་། ཀླུའི་རྒྱལ་པོ་བཏང་ཟུང་དང་། ས་སྲུང་གི་བུ་དང་། མདོངས་བུ་དང་། དཔལ་གྱི་གཟི་བརྗིད་དང་། དཔལ་བཟངས་དང་། གློག་གི་ཕྲེང་བ་དང་། གཙུག་ན་ནོར་བུ་རིན་པོ་དང་། གཙུག་ན་ནོར་བུ་ཐོགས་དང་། སྣང
278b7 ལྡན་གཙུག་བུངད་ཅན་དང་། གཙུག་ཕུང་འཛའ་ཅན་དང་། ཀླུའི་རྒྱལ་པོ་དབང་པོའི་རྒྱལ་མཚན་དང་། དབང་པོའི་འཚོད་སྡོང་དང་། འཛམ་བུའི་རྒྱལ་མཚན་དང་། བཀྲ་ཤིས་ལྡན་དང་། དཀྱིལ་འཁོར་ཆེན་པོ་ཅན་དང་།
278b8 ལག་གིས་འགྲོ་ཆེན་པོ་དང་། སྐར་མདོག་དང་ཟླ་བའི་གཟི་བརྗིད་དང་། དཔལ་གྱི་བློ་གྲོས་དང་། ཟ་ཟང་དང་། ཀླུའི་རྒྱལ་པོ་ལེགས་མཐོང་དང་། ཤིན་ཏུ་བརྟན་དང་། མགུལ་ན་ནོར་བུ་དང་། སྤྲིན་བྱུང་དང་། ཆར་རྒྱུན་དང་།




iiif viewer powered by OpenSeadragon

278a - 279a

Texts on this page

Q900 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo
Q901 - 'phags pa sprin chen po