e-texts navigator
Collection
Volume
Page
Wylie

241a1 དཔའ་སེམས་དཔའ་ཆེན་པོ་ཉིད་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བཤགག་གོ། ། ཡང་དེའི་ཚེའུ་ཟུག་གི་རྒྱལ་པོ་སྣ་ལ་སོགས་པ་བ་ཟུག་གི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པལ་བ་ཟུག་གི་རྒྱལ་པོར་རེ་ཡང
241a2 འཁོར་ཁུ་ཟུག་འབུམ་ཕྲག་གྲངས་མེད་པ་དག་དང་། བཅོམ་ལྡན་འདས་གལ་བ་དེར་དོང་སྟེ་ལྷགས་ནས་ཁུ་བྱུག་གི་སད་སྙན་པས་བཅོམ་ལྡན་འདས་ལ་བསྟོད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། ཁུ་བྲུག་གི་རྒྱལ་པོ་དེ་དག་ཐམས
241a3 ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འདི་ན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། ཡང་དེའི་ཚེ་ཀ་ལ་བིང་ཀའི་རྒྱལ་པོ་པད་མའི་མདབ་མ་འདྲ་བའི་མིག་ལ་སོགས་པ་ཀ་ལ་བིང་ཀའི་རྒྱལ་པོ་འབུན
241a4 པ་ཧྲག་གྲངས་མེད་པ་ལ་ཀ་ལ་བདེ་ཀའི་རྒྱལ་པོ་རེ་རེ་ཡང་འཁོར་ཀ་ལ་བི་ཀ་འབུམ་ཕྲག་གྲངས་མེད་པ་དག་ཀ་ལ་བིང་ཀའི་སྒྲ་སྐད་སྙན་པ་འབྱིན་ཅིང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་སངས་རྒྱས་ཀྱི
241a5 བསྟོད་པ་ཡང་དག་པ་དག་གིས་བཅོམ་ལྡན་འདས་ལ་བསྟོད་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། ཀ་ལ་བིང་ཀའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར
241a6 རྩེ་བ་ཤ་སྟག་གོ། ཡང་དེའི་ཚེ་ཤང་ཤར་ཏེའུ་ཡི་རྒྱལ་པོ་རྒྱལ་བ་ལ་སོགས་པ་ཤ་ཤ་ཏེའུ་ཡི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ལ་ཤང་ཤང་ཏེའུ་ཡི་རྒྱལ་པོ་རེ་རེ་ལ་ཡང་འབོར་ཤང་ཤང་ཏེའུ་འབུམ་ཕྲག་གྲངས་མེད་པ་དག་དང་།
241a7 བཅོམ་ལྡན་འདས་གལ་དེར་དོང་གེ་ལྷགས་ནས་སངས་རྒྱས་བཅོམ་ལྡན་འདས་ལྔའི་སྒྲ་གད་སྟན་པས་བསྟོད་དོ།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ།། ཤ་ཤ་ཏེ
241a8 ཡི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏི་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། ཡང་དེའི་ཚེ་བྱའི་རིགས་འདྲེས་པ་ལ་སོགས་པ་ཐ་དད་པ་གྲངས་མེད་པ་ལས་བྱའི་རིགས




iiif viewer powered by OpenSeadragon

240b - 241b

Texts on this page

Q899 - 'phags pa sprin chen po'i mdo las phyogs bcu'i byang chub sems dpa' rgya mtsho 'dus pa'i dga' ston chen po la rtse ba zhes bya ba'i le'u