| | e-texts navigator
|
240b1 ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཡང་དེའི་ཚེ་རླུང་གི་རྒྱལ་པོ་ཆེན་པོ་བཞི་ལ་འདི་ལྟ་སྟེ། རླུང་གི་རྒྱལ་པོ་ཆེན་པོ་རྣམ་པར་འཐོར་རླུང་ཞེས་བྱ་བ་དང་། རླུང་གི་རྒྱལ་པོ་ཆེན་པོ་རྣམ་པར་འཐོར
240b2 རླུང་ཆེན་པོ་ཞེས་བྱ་བ་དང་། རླུང་གི་རྒྱལ་པོ་ཆེན་པོ་ཤུགས་དྲི་མ་མེད་པ་ཞེས་བྱ་བ་དང་། རླུང་གི་རྒྱལ་པོ་ཆེ་པོ་རྗེས་སུ་མ་ཆགས་ཤེས་བྱ་བ་མེ་ཏོག་དང་། སྤོས་ཐམས་ཅད་དང་ལྷན་ཅིག་ལྡན་ཞིང་བཅོམ་ལྡན་འདས་གལ་བ
240b3 དེང་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་སེང་གེའི་སྒྲའི་ཆོས་སྣང་བའི་སྒོ་ཞུ་བར་བྱེད་དོ། ། སྤྲིན་གྱི་རྒྱལ་པོ་ཆེན་པོ་བརྒྱ་སྟོང་ཕྲག་དུ་མ་ཡང་ཀླུ་དང་རོལ་མོའི་སྒྲ་སྣ་ཚོགས་སྤོགས་ཤིང་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི
240b4 ཆར་ལ་བེབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ལྷགས་ཏེ། སེང་གེའི་སྒྲའི་ཆོས་ཀྱི་སྣང་བའི་སྒོ་ཞུ་བར་བྱེད་དོ།། ཡང་དེའི་ཚེ་སེང་གེ་དཔའ་བོ་ལ་སོགས་པ་དང་བའི་རྒྱལ་པོ་འབུམ་ཕྲག་གྲངས་མེད
240b5 པ་དག་ལ་དད་པའི་རྒྱལ་པོ་རེ་རེ་ཡང་འཁོར་དད་པ་འབུམ་ཕྲག་དུ་མ་དག་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་དད་པའི་སྐད་དཔེ་མེད་པ་དག་གིས་བསྟོད་ནས་བཅོམ
240b6 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། དད་པའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ
240b7 སྟག་གོ། ། ཡང་དེའི་ཚེ་རྨ་བྱའི་རྒྱལ་པོ་ལེགས་མཐོང་ལ་སོགས་པ་རྨ་བྱའི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ལ་རྨ་བྱའི་རྒྱལ་པོ་རེ་ར་ཡང་འཁོར་རྨ་བྱ་འབུམ་ཕྲག་གྲངས་མེད་པ་དག་དང་བཅོམ་ལྡན་འདས་ག་ལ་བ་དེར་དོང
240b8 སྟེ་ལྷགས་ནས་རྨ་བྱའི་སྒྲ་སྐད་སྙན་པས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། རྨ་བྱའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས
iiif viewer powered by OpenSeadragon
240a - 241a