e-texts navigator
Collection
Volume
Page
Wylie

234a1 ཀྱི་ངོ་བོ་ལ་དཔག་ཚད་ས་ཡ་ཕྲག་དགུ་དང་དགུ་འབུམ་མཆིས་ཏེ། ལུས་ཆེ་ཞིང་སྣང་བ་ཆེན་པོར་གདའ་བ་མཐོང་ལགས་ན། བཅོམ་ལྡན་འདས་ཀྱི་མ་བྱང་ཆུབ་སེམས་དཔའ་ལུས་ཆེ་བ་འདིའི་མིང་ནི་ཅི་ཞེས
234a2 བགྱི། གལ་ཏེ་ཐ་མལ་པའི་ལུས་འདི་འདྲ་བ་ལགས་ན་བསྒྱུར་བའི་ལུས་ཅི་འདྲ་བར་འགྱུར། ཇི་ལྟར་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་མཆིས་པ་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཅོམ་ལྡན
234a3 འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འོད་མཐའ་ཡས་ཤེས་བྱ་བ་ཐབས་ལ་མཁས་པ་འདི་ནི་ལྷ་མོ་དྲི་མ་མེད་པའི་འོད་འདི་ལུང་བསྟན་པ་ཡོངས་སུ་གཟུང
234a4 བ་དང་། སེམས་ཅན་ཐམས་ཅད་ཡིད་དང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་དང་། བདེ་བ་བྱ་དང་། ངེས་པར་བསྒྲལ་བ་དང་། ཏིང་ངེ་འཛིན་འདི་ལ་མཆོད་པ་བྱ་བའི་ཕྱིར་འདས་སོ།། གསོལ་པ། ལྷ་མོ་དྲི་མ
234a5 མེད་པའི་འོད་གང་དུ་བུད་མེད་ཀྱི་ལུས་ལས་ལྡོག་པར་འགྱུར་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལུང་བསྟན་དུ་གསོལ། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་བུད་མེད་ཀྱི་ལུས་ལས་གང་དུ་ལྡོག
234a6 པར་འགྱུར་ཞེས་དེ་ལྟར་མ་ལྟ་ཤིག་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟ་བུ་ལགས། བཀའ་སྩལ་པ། འདི་ནི་བུད་མེད་མ་ཡིན་ཏེ། ལྷ་མོ་དྲི་མ་མེད་པའི་འོད་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་བྱང
234a7 ཆུབ་སེམས་དཔའི་བྱ་བ། བྱེད་པ་ཡིན་ཏེ། སེམས་ཅན་འདུལ་བའི་དབང་གིས་བུད་མེད་ཀྱི་ལུས་འཛིན་པས་ན་འདི་ནི་ཐབས་ཀྱི་ལུས་ཡིན་པར་བལྟའོ།། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས
234a8 དཔའ་སེམས་དཔའ་ཆེན་པོ་ནི་རྟག་ཏུ་ཐབས་ཐམས་ཅད་ལ་འཇུག་པའི་ཕྱིར་སེམས་ཀྱི་སྨོན་ལམ་གྱིས་སྟོན་པར་བྱེད་དེ་འདོད་བཞིན་དུ་བུད་མེད་ཀྱི་ལུས་འདུ་ཤེས་ལ་འཇུག་གོ། དེ་ལྟར་བུད་མེད་ཀྱི




iiif viewer powered by OpenSeadragon

233b - 234b

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo