| | e-texts navigator
|
233b1 ཆེན་པོ་སྤྲིན་ཆེན་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏོ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ
233b2 ལྡན་འདས་དེ་བཞིན་གཤེགས་པ་ནི་དོན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། ཅིའི་སླད་དུ་ནི་འོད་ཟེར་རྣམས་བྱུང་བར་གྱུར། བཅོམ་ལྡན་འདས་ཀྱིས
233b3 བཀའ་སྩལ་པ། འདི་ནི་སྔ་མའི་ཚེ་ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའི་མར་གྱུར་པའི་འོད་ཆེན་པོ་བྱུང་བ་མཐོང་ནས་ཁྱོད་ཀྱི་ཡིད་ལ་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་འདི་སུའི་སྔས་ལྟས་ལགས
233b4 ཤེས་ཟེར་བ་དེ་ཉིད་ཀྱི་དོན་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ང་འཛུམ་པ་མཛད་དོ།། གསོལ་པ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མི་མཆོག་དེ་མཆི་ཤིག་པར་བཀའ་སྩལ་དུ
233b5 གསོལ། ། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འདི་ནི་ནུབ་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཅེས་བྱ་བ་འཇིག་རྟེན་གྱི་ཁམས་བདེ་བ
233b6 ཅན་ཞེས་བྱ་བ་དེ་ན་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བཏང་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་གྱི
233b7 ཁམས་མི་མཛད་ན་ད་ལྟར་འཛམ་བུའི་གླིང་བའི་མི་བསོད་ནམས་ཆུང་དུ་རྣམས་ལ་ཕན་པ་དང་། བདེ་བ་དང་། ཡིད་དང་བ་སྐྱེ་བར་བྱ་བའི་ཕྱིར་སྤྲིན་ཆེན་པོ་ཞེས་བྱ་བའི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་གྱི་ཆོས
233b8 ཆེན་པོ་སྟོན་གྱིས་སོང་ལ་ཏིང་ངེ་འཛིན་འདི་ཡང་ཟུང་ཤིག་ཅེས་གསུངས་སོ། ། སྤྲིན་ཆེན་སྙིང་པོ་ཁྱོད་ཀྱིས་འདིའི་རང་བཞིན་གྱི་ལུས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་འདིའི་རང་བཞིན་གྱི་ལུས
iiif viewer powered by OpenSeadragon
233a - 234a