e-texts navigator
Collection
Volume
Page
Wylie

205a1 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་དགེ་སློང་དེ་ལུང་བསྟན་པ་ཉོན་ཅིག། དེ་ནི་ངལ་དབེན་པ་དང་། ངའི་བསྟན་པ་འབྱུང་བར་བྱེད་ཅིང་ཁུར་ཆེན་པོ་ཁྱེར་བ་དང་། ངའི་ཤཱཀཱ་གཞོན
205a2 ནུ་ཡིན་ཏེ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒུང་དུ་དྲང་སྲོང་བྱི་བོ་ཞེས་བྱ་བའི་ཡུལ་འཁོར་དུ་བསོད་ནམས་ལྡན་གྱི་གྲོང་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེའི་འབབ་ཆུ་མཛེས་འབྱོར་ཅེས་བྱ
205a3 བ་དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ། ། དེར་རྗེའུ་རིགས་ཆེན་པོ་རྣམ་པར་དག་པ་འབྲ་གོ་ཅན་ཞེས་བྱ་བའི་སའི་ཕྱོགས་སུ་འབྱུང་བར་འགྱུར་ཏེ། ཤཱཀྱའི་རིགས་གཞོན་ནུ་ལིང་ཙ་བྱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད
205a4 ཀྱིས་མཐོང་ན་དགའ་བ་དེ་ངའི་ཆོས་དབྱུང་བར་བྱ་བའི་ཕྱིར་ལིང་ཙ་བྱིའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་བྱང་ཆུབ་སེམས་དཔའ་མི་མཆོག་དེ་དེར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེའི་ཕ་མ་དང་། གཉེན་སྡེ་རྣམས
205a5 ཀྱིས་ངའི་མིང་དེའི་མིང་དུ་འདོགས་པར་འགྱུར་རོ། ། འབྲ་གོ་ཅན་གྱི་རྡེའུ་རིགས་ཆེན་པོའི་རིགས་ཀྱང་དེ་བཞིན་གཤེགས་པའི་རིགས་ཡིན་པར་བལྟའོ།། དེའི་ཚེ་དྲང་སྲོང་བྱི་བོའི་ཡུལ་འཁོར་ཡང་འབྱོར་ཅིང་རྒྱས་ལ་སྐྱེ་བོ་མང་པོས་གང
205a6 བར་འགྱུར་རོ། ། དེ་བཞིན་གཤེགས་པ་དང་མིང་འཐུན་པའི་ཁྱེའུ་དེ་ཡང་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཞིང་སྐྱེ་བོ་མང་པོ་ཐམས་ཅད་ཀྱིས་བཀུར་བར་འགྱུར་རོ།། གང་གི་ཚེ་ཁྱེའུ་དེ་རབ་ཏུ་བྱུང་བ་ན་ཚངས་པ་ཚུངས་པར
205a7 སྤྱོད་པའི་འཁོར་དང་། དགེ་སློང་གི་ཚོགས་རྣམས་ཁྲིད་དེ། རང་གི་སྲོག་དང་བསྔོས་ནས་དམ་པའི་ཆོས་སྟོན་ཅིང་དེ་བཞིན་གཤེགས་པའི་སྤྱོད་པ་འབྱུང་བར་བྱེད་དེ། མཆོག་ཏུ་དཀའ་བ་སྤྱོད་པར་འགྱུར་རོ།། དགེ་སློང་ངམ་པའི་ཆོས
205a8 འདོད་པ་དེའི་འཁོར་གང་ཡིན་པ་རྣམས་ཀྱང་རང་གི་སྲོག་གི་བསམ་པ་ཡོངས་སུ་བཏང་ནས་དམ་པའི་ཆོས་སྲུང་བར་འགྱུར་ཏེ། དགེ་སློང་གི་ཚོགས་དེ་དག་ཀྱང་མཆོག་ཏུ་ཀའ་བ་བྱེད་པ་དང་། དེ་ལ་དབེན་པ་དང་། ཚུལ་ཁྲིམས




iiif viewer powered by OpenSeadragon

204b - 205b

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo