e-texts navigator
Collection
Volume
Page
Wylie

187b1 སུ་བཅད་དེ་སླར་སྨྲས་པ། ། ཚངས་པ་ཆེན་པོ་ལེགས་སོ་ལེགས་སོ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཞུ་བའི་རྒྱལ་པོ་ལེགས་པར་ཞུས།། འཇིགས་མེད་འདི་ནི་རིགས་པ་ཡིན།། དྲིས་པའི་དོན་ནི་རིམ་བཞིན་དུ།། མིག་ཡངས་རབ་ཏུ
187b2 བཤད་པར་བྱས། ། གཡེང་བ་མེད་པའི་སེམས་ཀྱིས་སུ།། ཚངས་ཆེན་ཁྱོད་ཀྱིས་མཉན་པར་གྱིས།། མདོ་སྡེ་རྣམས་ནི་རེ་རེ་ལ།། གང་གཱའི་ཀླུང་གི་བྱེ་སྙེད་ཀྱི།། བསྐུར་བའི་དོན་ནི་མང་ཡོད་ཅེས།། ཆོས་གསུང་བས་ན་ངེས་པར་བསྟན།
187b3 གཟུངས་ཀྱི་འབབ་ཆུའི་མིང་རྣམས་ཀྱང་།། རེ་རེ་ནས་ནི་རབ་དབྱེན།། དོན་མང་དྲི་བ་མང་ཡོད་ཅེས།། ཆོས་གསུང་བས་ནི་ངེས་པར་བསྟན།། ཏིང་འཛིན་འབའི་ཆུའི་མིང་རྣམས་ཀྱང་།། རེ་རེ་ནས་ནི་རབ་དབྱེན།། དོན་མང་དྲི་བ་མང
187b4 ཡོད་ཅེས། ཆོས་གསུང་བས་ནི་ངེས་པར་བསྟན།། ཀུན་དགའ་བོ་དང་འདྲ་བའི་མི།། ཁྲིགས་ཕྲག་བྱེ་བ་སྙེད་ཡོད་ལ།། མདོ་ལས་གཅིག་གི་ཚད་གཟུང་ཕྱིར།། སྐྱེས་བུ་དམ་པ་བྱུང་གྱུར་ཏོ།། སྐྱེས་བུ་དམ་པ་དེ་ཀུན་ལས།། སྐྱེས་བུ་སྐྱེས
187b5 མཆོག་རེ་རེ་ཡང་། ། ལྷའི་ལོ་མང་བྱེ་བ་རྒྱར་ཐུབ།། སྐྱེས་བུ་བསྟན་པོ་རེ་རེ་ཡང་།། གང་གཱའི་བྱེ་མ་ཇི་ཙམ་པར།། རང་རང་གི་ནི་ལྕེ་ཚོགས་རྣམས།། མདོ་སྡེ་དག་གི་མིང་གི་ཕྱིར།། བྱིན་གྱིས་བརླབས་པར་བྱས་པ་དང་།། དེ་དག་གི་ནི་ཐབས
187b6 ཚུལ་གྱིས། ། སྐྱེས་བུ་སྐྱེས་མཆོག་དེ་དག་གིས།། མདོ་སྡེ་རྣམས་ནི་རེ་རེ་ཡི།། མིང་ཙམ་དག་ཀྱང་བསླབས་པའི་ཕྱིར།། ཕོ་མང་བྱེ་བ་བརྒྱ་པ་ཡི།། སྐྱེས་བུ་དེ་འདྲ་དེ་ཀུན་གྱིས།། འབབ་ཆུ་འདྲའ་བའི་མིང་གཟུང་ཡང་།། ཐ་མར་ཕྱིན་པར
187b7 མི་ནུས་ཏེ། ། བཅོམ་ལྡན་མངོན་བསམ་མི་ཁྱབ།། ཏིང་འཛིན་གྲངས་ཀྱང་དེ་བཞིན་ཏེ།། གསང་བ་བཤད་པ་བསམ་མི་ཁྱབ།། སངས་རྒྱས་བསམ་ཡས་བསམ་མི་ཁྱབ།། དེ་བཞིན་གཤེགས་པ་དཔག་ཏུ་མེད།། སངས་རྒྱས་སྤྱོད་ཡུལ་བསམ
187b8 མི་ཁྱབ། ། མཚུངས་པ་མེད་ཅིང་ཤིན་ཏུ་འདས།། འདས་པ་དག་ཀྱང་དཔག་ཏུ་མེད།། ད་ལྟར་བྱུང་བའང་བསམ་མི་ཁྱབ།། མ་འོངས་པ་ཡང་བསམ་དུ་མེད།། འཇིག་རྟེན་ཁམས་ནའང་བསམ་མི་ཁྱབ།། དཔེར་ན་སྨན་པ་བྱང་གྱུར་ཅིང་།། མཁས




iiif viewer powered by OpenSeadragon

187a - 188a

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo