e-texts navigator
Collection
Volume
Page
Wylie

187a1 མ། ། མཐའ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོམ་ཟད་པ་ཐམས་ཅད་ཀྱི་བློ་གྲོས་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། སྤྲིན་ཆེན་སྙིང་པོ་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དའི
187a2 ནའི་སྙིང་པོའི་ཚུལ་གྱིས་མངོན་པར་རྩེ་བ་ལ་དགའ་བའི་རྒྱལ་པོའི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། ། དེ་ནས་དེའི་ཚེ་ལྷའི་བུ་སྐར་འོད་ཅེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས
187a3 ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ཀྱེ་མ་བཅོམ་ལྡན་སངས་རྒྱས་བསམ་མི་ཁྱབ།། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་སྐུ།། སེམས་ཅན་རྣམས་ལ་ཕན་པ་མཛད་སླད་དུ།། བསམ་གྱིས་མི་ཁྱབ་བསམ་ཡས་མདོ
187a4 ཡང་སྟོན། ། དེ་ཁོ་ནའི་སྙིང་པོའི་ཚུལ་གྱིས་མངོན་པར་རྩ་བ་ལ་དགའ་བའི་རྒྱལ་པོའི་རྣམ་པར་འཕྲུལ་བ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་བ་སྟེ་སུམ་བཅུ་དྲུག་པའོ།། དེ་ནས་དེའི་ཚེ་ལྷའི་བུ་བློ་གྲོས་མྱུར་ལྡན་ཞེས
187a5 བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཏ་ལ་བཏུན་སྲིད་ཙམ་དུ་བར་སྣང་ལ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
187a6 བཅོམ་ལྡན་འདས་མདོ་སྡེ་དག་ལ་དུ་ཞིག་མཆིས།། ཏིང་འཛིན་རྣམས་ཀྱང་དུ་ཞིག་མཆིས།། གཟུངས་ཀྱི་ལམ་དག་དུ་ཞིག་མཆིས།། གསང་ལ་འཇུག་པ་དུ་ཞིག་མཆིས།། བཅོམ་ལྡན་འདས་ད་ལྟར་བཞུགས་པའི་སངས་རྒྱས
187a7 དུ། ། མ་བྱོན་པ་ནི་དུ་ཞིག་བཞུགས།། འདས་པའི་སངས་རྒྱས་དུ་ཙམ་ཞིག། སངས་རྒྱས་སྤྱོད་ཡུལ་ཇི་སྙེད་མཆིས།། འཇིག་རྟེན་ཁམས་ནི་དུ་ཞིག་མཆིས།། གསུང་བར་འཚལ་ལོ་གཽ་ཏ་མ།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།།
187a8 གཽ་ཏ་མ་ལ་བདག་ཞུན།། སེམས་ཅན་ཀུན་ལ་སྨན་སླད་དུ།། རྐང་གཉིས་གཙོ་བོས་བཤད་དུ་གསོལ།། དེ་ནས་སངས་རྒྱས་ཀྱི་མཐུས་ལྷའི་བུ་བློ་གྲོས་མི་ཟད་པའི་སྙིང་པོ་ཞེས་བྱ་བས་བློ་གྲོས་མྱུར་ལྡན་ཞེས་བྱ་བ་ལ་ཚིགས




iiif viewer powered by OpenSeadragon

186b - 187b

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo